>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཞིང་སྐྱེས་སྨན། > > ནང་དོན།

གྲོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-03 14:57:03 ཀློག་གྲངས། 18

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། གྲོ་ནི་རོ་མངར་སྣུམ་བསིལ་ལྕི་བ་སྟེ།། རོ་ཙ་འཚོ་བྱེད་རླུང་དང་མཁྲིས་པར་ཕན།། དུག་ནད་ཚིགས་ལ་བྱེར་བ་སྡུད་པར་བྱེད།། ཤ་མཁྲེགས་ཆག་གྲུམ་སྦྱོར་ལ་ཅུང་ཟད་འཁྲུ།། སྲིན་དང་བད་ཀན་གྲང་བ་དག་ལ་གནོད།།
     སྨན་མིང་རྒྱ་མཚོ་ལས། གྲོ་ནི་རྩ་གསོ་སྙོམས་པ་ཡིན།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། གྲོ་ཡིས་དུག་སྣོད་དུ་བྱེར་བ་སྡུད་ལ། གྲོའི་བག་ཕྱེ་རྨ་སོགས་ཀྱི་སྐྲངས་པ་ལ་ཕན།
     མཛེས་མཚར་མིག་རྒྱན་ལས། གྲོ་ནི། ནས་ཀྱི་རིགས་དངོས་ལ་དུག་སྣོད་དུ་བྱེར་བ་སྡུད་པ་དང་། གྲོའི་བག་ཕྱེ་ཤིན་ཏུ་དཀར་པོས་རྨ་སོགས་ཀྱི་སྐྲངས་པ་ལ་ཕན་པར་བཻ་སྔོན་ལས་བྱུང་ཞིང་།
     རྒྱུད་ལས། གྲོ་ནི་ལྕི་བསིལ་འཚོ་བྱེད་རླུང་མཁྲིས་སེལ། ཞེས་སོ།།

གོང་ངོས། གྲ་མ་ཅན་འབྲུ།
X