>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཞིང་སྐྱེས་སྨན། > > ནང་དོན།

འབྲས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-03 15:14:46 ཀློག་གྲངས། 15

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། འབྲས་ཀྱི་ནུས་པ་སྣུམ་འཇམ་བསིལ་ལ་ཡང་།། ཉེས་པ་གསུམ་སེལ་རོ་ཙ་མདངས་དཀར་གསལ།།  ལུས་ཡང་ཡིད་གཞུངས་འཁྲུ་དང་སྐྱུགས་པ་གཅོད།།
     མཛེས་མཚར་མིག་རྒྱན་ལས། འབྲས་ནི། རྒྱ་གཉིས་སུ་བྱུང་བ། ལྗང་བ་གྲོ་བཞིན་ཕྲ་བ་སྙེ་མ་འདམ་སྙེ་འདྲ་བ་རྩི་ཐུར་བལྟས་པའི་འབྲུ་དཀར་པོ་སྟེ། ཆུ་རློན་དུ་སྐྱེ་བ་ཤིན་ཏུ་དཀར་ཆེ་བསིལ་ལ་ཡང་བ་མཆོག སྐམ་དུ་སྐྱེ་བ་འབྲུ་ངན་བསིལ་བ་ཡིན། ཡང་ལྕི་ཙམ། དེ་ལོ་ལོན་པ་དཀར་དམར་གཉིས་དྲོ་ལ་ལྕི་སྟེ། གང་ཡང་ཅུང་ཟད་རྔོས་པའི་ཡོས་བསྐོལ་བས་འཁྲུ་སྐྱུག་གཅོད་ཅིང་།
     རྒྱུད་ལས། དེ་ལ་འབྲས་ནི་སྣུམ་འཇམ་བསིལ་ལ་ཡང་།། ཉེས་པ་གསུམ་སེལ་རོ་ཙ་འཁྲུ་སྐྱུག་གཅོད།། ཅེས་སོ།།

གོང་ངོས། ཡིག་ཆ་མི་འདུག
X