//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཆུ་ཡི་སྨན། > > ནང་དོན།

མུ་ལྗང་སེར་པོའི་ཆུ་ཚན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-03 16:27:32 ཀློག་གྲངས། 15 

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། མུ་ལྗང་གི་སེར་པོའམ་བ་བླ་མ་ནི།། མུ་ལྗང་སེར་པོ་བ་བླ་ཡིན།། དེ་སྐྱེས་ཆུ་ཡང་ཅུང་ཟད་སེར།། སྟེང་དུ་བྱེ་མ་ཆེམ་ཆེམ་འབྱུང་།།
     མ་ལ་ཡའི་དཀའ་འགྲེལ་འདོད་པ་འཇོ་བ་ལས། མུ་ལྗང་སེར་པོ་བ་བླ་ཡིན།། ས་ཕྱོགས་དེ་ཡོད་ས་ལས་སྐྱེ།། ཆུ་ཡང་སེར་བར་ཅུང་ཟད་མངོན།། ཆུའི་གཏིང་འོད་ཆེམ་བྱེ་མ་འབྱུང་།། མུ་ལྗང་སེར་པོའི་ཆུ་ཚན་གྱིས།། མ་ཞུ་ཤིང་འདྲ་དུག་འདྲ་དང་།། ཚ་ཆུ་སྐྲན་གྱི་ཟགས་ཆུ་སྐེམ།།

X