>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལྡུམ་བུ་ཐང་སྨན། > > ནང་དོན།

གུར་ཏིག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-04 8:38:45 ཀློག་གྲངས། 18

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། གུར་ཏིག་ནི། རང་བྱུང་པས། ལྡུམ་ཏིག་རྩ་ཚད་མ་ལུས་སེལ།། དང་། ལྗོན་ཤིང་ལས། གསང་སྨན་བདུད་རྩི་གུར་ཏིག་ནི།། ཉིན་གྱི་ཤིང་གསེབ་བསིལ་གྲིབ་སྐྱེ།། ལོ་མ་སྒོར་མོ་མཐུག་པ་ལ།། བདུད་རྩི་དངུལ་གྱི་ཟིལ་པ་ཅན།། སྡོང་པོ་སྤུན་ཐུང་ཕག་སུག་འདྲ།། མེ་ཏོག་སེར་སྐྱ་ཟུམ་པའི་ཚུལ།། རོ་ནི་མངར་ཁ་མཁྲིས་པ་དངོས།། ནུས་པ་སྙོམས་ལ་སྣུམ་བསིལ་འཇོམ།། ནུས་པས་ཁྲག་མཁྲིས་རྨ་ཚད་འཇོམས།། མཁྲིས་ནད་སེལ་བའི་གསང་ལྡུམ་ཡིན།། རྨ་རིགས་སྦྱོར་བའི་བདུད་རྩི་ཡིན།། ཞེས་གསུངས་ལ། ཕག་སུག་པ་དང་། གུར་ཏིག་དང་། ལྡུམ་ཏིག་ཡང་ཟེར། ཏིག་ཏ་དྲུག་གི་འཁྲུངས་དཔེ་དེ་དྭགས་པོ་རིན་པོ་ཆེས་ཞང་སྨན་ནག་པ་ལ་གདམས་པ།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། སུམ་ཅུ་ཏིག་གི་ནུ་མོ་ལྔར་གྲགས་པའི་གུར་ཏིག་ལ། ཕག་སུག་པ། ལྡུམ་ཏིག་ཟེར།
     མཛེས་མཚར་མིག་རྒྱན་ལས། གུར་ཏིག་ནི། ཤིང་གསེབ་བསིལ་གྲིབ་ལ་སྐྱེ། ལོ་མ་སྒོར་མཇུག་ཟིལ་བ་ཅན། སྡོང་པོ་སྤུ་ཐུང་ཕག་སུག་འདྲ་བར་མེ་ཏོག་སེར་སྐྱ་ཟུམ་པའི་ཚུལ་ཅན།

གོང་ངོས། ཡིག་ཆ་མི་འདུག
X