//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > རྒྱུགས་གཞིའི་དོ་ར། > འབུམ་རམས་སློབ་མ་བསྡུ་བའི་རྒྱུགས་གཞི། > ནང་དོན།

འབུམས་རམས་སློབ་མ་བསྡུ་བའི་རྒྱུགས་གཞིའི་སྐོར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-22 11:29:35 ཀློག་གྲངས། 78 

༢༠༠༩ ལོའི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་འབུམ་རམས་ཞིབ་འཇུག་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་ཤོག

དང་པོ། འགྲིག་མིན་བརྡར་ཤ་གཅོད་རྒྱུ།

གཤམ་གྱི་དྲི་ལན་ཁག་ལ་དབྱེ་ཞིབ་བྱས་ཏེ་གུག་རྟགས་ནང་འགྲིག་པར་རྟགས་འདི་དང་། ནོར་བར་རྟགས་“×”འདི་ གོད་དགོས།

རྩ་རྒྱུད་དུ་ཁྲག་དང་མཁྲིས་པ་ཚ་བ་མེ་རུ་འདོད་ཅེས་པ་ནི་རྣམ་པར་གྱུར་པའི་དབང་དུ་བྱས་ནས་གསུངས་པ་ཡིན།  

འཁོར་ཕུན་སུམ་ཚོགས་པ་བསྟན་པ་དེས་བོད་ཀྱི་གསོ་བ་རིག་པའི་གཞུང་ནི་ཐུན་མོང་གི་རིག་གནས་ཤིག་ཡིན་པ་རྟོགས་ཐུབ།

བད་ཀན་སྨུག་པོའི་ནད་ཁྲག་ལམ་མ་ཆོད་ན་ཕག་ཤ་བསྟེན་དགོས།

དར་བས་སྐྱ་རྦབ་ཀྱི་ནད་སེལ་བ་ཡིན།  

མདངས་སྒྱུར་མཁྲིས་པས་དྭངས་མ་ཁྲག་ཏུ་སྒྱུར་ཟིན་པའི་ཁྲག་རྣམས་ལ་རླུང་གི་དྭངས་མ་མང་དུ་ལྡན་ཡོད།  

ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་འགྲེལ་པ་ཐོག་མ་ནི་འགྲེལ་པ་ཟླ་ཟེར་ཡིན།  

ཉེས་གསུམ་གསོ་བ་ཞེས་པ་ནི་སྙིང་པོ་བསྡུས་པའི་ནང་གསལ་བར་གསུངས་ཡོད།    

འབྲི་ལུགས་ཞེས་པའི་སྲོལ་ནི་འབྲི་གུང་ཚེ་དབང་བསྟན་པས་གཏོད་པ་ཡིན།  

ཕོ་བའི་གནས་སུ་ཚ་བའི་ནད་ཞུགས་ན་སྒྲེགས་སོགས་གྲང་བའི་རྟགས་སྟོན་པ་ཡོད།  

༡༠ རིན་པོ་ཆེ་དང་རྡོ་ལ་སྦྱར་བའི་དུག་གི་ངོ་བོ་གྲང་བ་ཡིན།  

༡༡ ཐ་མལ་རྟེན་གྱི་རྩ་རྒྱུད་གསུམ་གྱི་འཕར་ཚུལ་ཚུལ་བཞིན་མ་ཤེས་ན་ནད་ཚ་གྲང་གཉིས་འཁྲུལ་བའི་ཉེན་ཡོད།  

༡༢ མཁལ་ནད་ཅན་གྱི་དྲི་ཆུ་ནི་དང་པོའི་ཁ་དོག་སོགས་ལས་སླར་ཡང་ངོ་བོ་གཞན་ཞིག་ཏུ་ལོག་རྒྱུ་མེད།  

༡༣ མཚན་ཞོ་ཞེས་པ་ནི་མཚན་དཀར་དང་ར་ཞོ་སྦྱར་བའི་གྲང་དུགས་ལ་བརྗོད་པ་ཡིན།  

༡༤  ལྡོང་རོས་དང་བ་བླས་རྨེན་བུ་ངན་པ་སྐྲངས་པའི་ཤ་རོ་རུལ་པ་དག་གཅོད་པར་བྱེད་པ་ཡིན།  

༡༥ མཁྲིས་པའི་རང་བཞིན་ཅན་ཡིན་ན་གཏར་ཁྲག་དེ་སེར་ལ་སླ་ཞིང་རྣག་དྲི་མནམ་པ་འབྱུང་བ་ཡིན།  

༡༦ རྩ་ཆད་ཁྲག་ཤོར་ནད་ལ་དཔྱད་ཀྱི་མཆོག་ནི་མེ་བཙའ་ཡིན།  

༡༧ ཆུ་རྒྱུས་རེངས་སམ་འཁུམས་པར་གྱུར་ནས་བརྐྱང་བསྐུམ་མི་བཏུབ་པར་ལུམས་ཀྱི་སྦྱོར་བ་བསྔགས་པ་ཡིན།  

༡༨ ཤ་སྡེ་བརྒྱད་ནི་ནད་ཅན་ལ་དམིགས་ནས་གསུངས་པ་ཡིན།  

༡༩ ལུས་ཟུངས་ཟད་ན་ནང་མེ་དྲོད་ཀྱི་འཇུ་སྟོབས་རང་བཞིན་གྱིས་ཉམས་འགྲོ་བ་ཡིན།  

༢༠ དྲི་མ་གསུམ་རང་རང་གི་ཚད་ལས་འཕེལ་བ་ལས་ཀྱང་ཟད་པས་ལུས་ཟུངས་ལ་གནོད་ཆེ་བ་ཡིན།  

གཉིས་པ།  དྲིས་ལན་གདམ་འཇུག་བྱེད་རྒྱུ།

རྣམ་གྲངས་རྐྱང་པའི་གདམ་འཇུག

གཤམ་གསལ་དྲིས་ལན་ཁག་ལས་ཡང་དག་པའི་ལན་གཅིག་བདམས་ཏེ་དེ་མཚོན་བྱེད་ཀྱི་ཀ་  ག་ང་ གང་ཡིན་པ་དེ་ཉིད་གུག་རྟགས་སོ་སོའི་ནང་འགོད་དགོས

༼༡༽སྲོག་འཛིན་རླུང་གི་ལས་ཀྱི་ཁོངས་སུ་གཏོགས་པ་ནི་

བློ་དང་ལྡན་པ་བྱེད། བློ་བརྟན་པ་བྱེད།    བློ་གསལ་བར་བྱེད། དྲན་པ་གསལ་བར་བྱེད།    

༼༢༽བད་ཀན་རྟེན་བྱེད་ཀྱི་གནས་ས་ནི་ ཡིན།

ཀ བྲང་རུས།   ཕོ་བ། གློ་ཡུ། མིད་པ།  

༼༣༽ སྤྱིར་ མ་ཞུ་བའི་ནད་ནི་ ལ་ གནས་པའི་ནད་ཡིན།

བྱང་ཁོག་ན སྣོད། དོན། དོན་སྣོད་སྤྱི།

༼༤༽ལྡན་འདུས་ཀྱི་ནད་སྔ་ཕྱི་རེ་མོས་བཅོས་པའམ་ལྟག་པ་སྤྲད་དེ་བཅོས་པའི་ཚུལ་དེ་ནི་ ཡིན།

བྱི་ལ་འཇབ་པ་ལྟ་བུའི་བཅོས་ཚུལ།   སྤོ་ལ་དར་འཕྱར་ལྟ་བུའི་བཅོས་ཚུལ་ཡིན། ལག་གཏོད་མི་ཤ་འཕྲང་ཕྲད་ལྟ་བུའི་བཅོས་ཚུལ། གཙོ་བོས་དམེ་ཤོར་འཁྲུགས་ཟླུམས་ལྟ་བུའི་བཅོས་ཚུལ།

༼༥༽དོན་གཟེར་ཟུག་གཅོག་ལ་གཏར་རྒྱུའི་རྩ་ནི་

དྲུག་འགོ་དང་རུ་ཐུང་། དྲུག་འགོ་དང་སྒང་རྩ། དཔུང་རྩ་དང་སྣོད་ ལོང་རྩ་དང་བྱིན་གཞུག

༼༦༽ཨ་བི་ཥ་ཞེས་པའི་སྨན་མིང་ནི་

བྱེད་ལས་ཀྱི་སྒོ་ནས་ བཏགས་པ་ཡིན།   ཁ རོ་ཡི་སྒོ་ནས་བཏགས་པ་ཡིན།   འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཡིན། སྔོན་གྱི་གཏམ་རྒྱུད་དང་སྦྱར་ནས་བཏགས་པ་ཡིན།    

༼༧༽ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་ནང་བརྗོད་བྱའི་དོན་ནི་མདོའི་གནས་སོགས་གནས་ བསྟན་ཡོད།

བཅུ་གཅིག   བཞི། དྲུག བརྒྱད།  

༼༨༽ཆ་ལག་བཅོ་བརྒྱད་བསྡུ་བསྒྲིགས་གནང་མཁན་ནི ཡིན།       ཀུན་མཁྱེན་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ།

དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས། རྣམ་གླིང་པན་ཆེན་དཀོན་མཆོག་ཆོས་གྲགས།  

སྣ་མང་གདམ་འཇུག

གཤམ་གསལ་དྲིས་ལན་ཁག་ལས་ཡང་དག་པའི་ལན་རྣམས་བདམས་ཏེ་དེ་དག་མཚོན་བྱེད་ཀྱི་ཀ་ཁ་ག་ང་གང་ཡིན་པ་རྣམས་གུག་རྟགས་སོ་སོའི་ནང་འགོད་དགོས

༼༡༽མིག་སྨན་སྐྱེར་ཁན་ཌའི་སྦྱོར་བ་འདི་

མིག་ནད་སྐམ་འཚག་མི་ཡོང་བའི་ཆེད་དུ་སྤྱོད་པ་ཡིན། མིག་ནད་གཤེར་འཚག་མི་ཡོང་བའི་ཆེད་དུ་སྤྱོད་པ་ཡིན།   མིག་གི་བཅུད་ལེན་ཆེད་དུ་སྤྱོད་པ་ཡིན།     མཁྲིས་ནད་མིག་ལ་ཞུགས་པ་སེལ་བའི་ཆེད་དུ་སྤྱོད་པ་ཡིན།  

༼༢༽ནད་པའི་དྲི་ཆུ་ཁ་དོག་དམར་པོའི་ཆ་ནས་འཁྲུལ་སྲིད་པའི་དོན་གྱི་ནད་ནི། ཡིན།

གློ་བའི་ནད མཁལ་མའི་ནད སྙིང་གི་ནད མཆིན་པའི་ནད

གསུམ་པ། དྲིས་ལན་མདོར་བསྡུས་གདབ་རྒྱུ།

དགོས་པ་ཅིའི་ཕྱིར་རྒྱུ་ལམ་བུ་གའི་གནས་ལུགས་བསྟན་པ་ཡིན་ནམ།

རང་བཞིན་རྐྱང་པ་གསུམ་གྱི་དཔེ་དེ་བྱ་རྒོད་ཁྭ་ཝ་དང་སྟག་སྤྲེ་གནོད་སྦྱིན། སེང་གེ་ཁྱུ་མཆོག་གསུམ་ལ་སྦྱར་ནས་དེ་གསུམ་གྱི་མཚན་ཉིད་ལྡན་པ་ཡིན་ཞེས་གསུངས་དགོས་དོན་གང་ཡིན་ནམ།

རྒྱུན་སྤྱོད་ཀྱི་སྤྱོད་ལམ་ནང་དམ་པ་ལྷ་ཆོས་ཀྱི་སྤྱོད་པ་བསྟན་པའི་དགོས་པ་གང་ཡིན་ནམ།

དྲི་མེད་ཤེལ་ཕྲེང་ནང་བསྟན་པའི་སྨན་གྱི་སྡེ་ཚན་བཅུ་གསུམ་རྣམས་གང་དང་གང་ཡིན་ནམ།

ནད་ཀྱི་ངོ་བོ་གྲང་ཡང་ཕྱི་རྟགས་ཚ་བར་འཁྲུལ་བའི་ནད་གང་དང་གང་ཡོད་དམ།

རྩ་བལྟ་བའི་གནས་ངེས་པ་ཅན་བསྟན་དགོས་དོན་གང་ཡིན་ནམ།

རྒྱུད་ཀྱི་གཞུང་ཚིག་གོང་འོག་ལ་གཏུགས་ནས་བྱུག་པ་བྱ་ཐབས་ཀྱི་སྔ་ཕྱིའི་ལག་ལེན་ཇི་ལྟར་ཡིན་པ་གསལ་བར་བྲིས་དང་།

རྒྱུད་ཀྱི་གཞུང་ཚིག་གོང་འོག་ལ་གཏུགས་ནས་རྔབས་རྭའི་ལག་ལེན་ཆ་ཚང་བ་ཞིག་བྲིས་དང་

མི་མཐུན་པའི་ཟས་སྐོམ་བསྟེན་རྗེས་ནད་གསོག་ལྡང་གི་ཚུལ་དེ་དཔེ་དོན་དང་བཅས་པ་གསལ་བཤད་བྱེད་དགོས།  

༡༠ རྟེན་དང་བརྟེན་པ་འཕེལ་ཟད་བཅོས་ཐབས་གཅིག། ཅེས་པའི་གོ་དོན་གང་ཡིན་ནམ།

བཞི་པ། དབྱེ་ཞིབ་བྱས་ནས་དྲི་ལན་རྒྱས་བཤད་བྱེད་རྒྱུ།

ཚེ་རྩ་གསུམ་གང་དང་གང་ཡིན་ནམ།  དེ་དག་ལ་ཚེ་ཡི་རྩ་ཞེས་བཏགས་དགོས་དོན་གང་ཡིན་ནམ།

སྨན་རྣམས་རོ་བསྡེབས་ནུས་བསྡེབས་ཞུ་རྗེས་བསྡེབས་ཏེ་སྦྱར་དགོས་དོན་གང་ཡིན་ནམ།

རླུང་གི་ནད་ལ་ཁ་ཚའི་རོ་བསྟེན་ན་རླུང་མ་ཞི་བར་བད་ཀན་དང་མཁྲིས་པར་ལྡོག་པའི་རྒྱུ་མཚན་གང་ཡིན་ནམ

མགོ་ཡི་རུས་པའི་གནས་ལུགས་ཏེ།རུས་པ་ས་རུས་མདོག་ཁམ་མཐུག།  ཆུ་རུས་མདོག་སྔོ་འཇམ་ལ་སྲབ། མེ་རུས་མདོག་དམར་ རྩུབ་པ་དང་།  རླུང་རུས་ནག་ལ་ཁམ་ཁོམ་ཆེ། ཞེས་པའི་གཞུང་ཚིག་དེ་མཛད་པ་པོ་སུས་གཞུང་གང་ཞིག་ནང་བསྟན་ཡོད་པ་དང་།  ཐ་མལ་བའི་ལུས་སུ་གནས་ལུགས་དེ་ལྟར་དངོས་སུ་ལྡན་ཡོད་དམ་མེད། རྒྱུ་མཚན་ཅི་ཡིན་ནམ

ས་སྐྱ་སྨན་གྲོང་པ་ཞེས་པའི་མཚན་དེ་ཚུལ་ཇི་ལྟར་བྱས་ནས་ཐོགས་པ་ཡིན་ནམ།    

ལུས་ཟུངས་འཕེལ་ཟད་ཀྱི་རྒྱུ་བཤད་པའི་སྐབས་རྒྱུད་བཞི་ལྕགས་དཔར་དུ།འབར་དང་འབྲི་བས་འཕེལ་དང་ཟད་པར་འགྱུར།  

དང་པོས་ཕྱི་མ་རྒྱས་དང་འགྲིབ་བྱེད་ཡིན།  ཞེས་པའི་རྒྱུད་ཚིག་དང་དེའི་དོན་འཐད་མིན་སྐོར་དཔྱད་པ་ཞིག་གྱིས་དང་།


གོང་ངོས། ཡིག་ཆ་མི་འདུག
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X