>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > སྲོག་ཆགས་ཀྱི་སྨན། > > ནང་དོན།

སྲམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-08 9:19:28 ཀློག་གྲངས། 5

           བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། སྲམ་གྱི་མཆེ་བ་སོ་བྱའི་ཤ་ཁུ་དང་སྦྱར་ན་གྲེ་བ་སོགས་ལ་ཉ་རུས་ཟུག་པར་ཕན། བུ་རམ་དང་སྦྱར་ན་རྡེལ་ནད་ཆུ་འགགས་སེལ། སྲམ་གྱི་མཆིན་པས་ཆུ་འགགས་མངལ་འཁྱིལ་འབྱིན། མཇུག་ཏོས་རོ་ཙ་མཆོག རུས་པས་དམུ་ཆུ་སྐེམ།  ཤ་ཡིས་རོ་ཙ་མཁལ་ནད་གྲང་བར་ཕན།  བྲུན་གྱིས་དམུ་ཆུ་སྐེམ་དང་མངལ་ནད་འབྱིན། ཞེས་གསུངས།

གོང་ངོས། བསེ་སྦུར།
X