>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

ཀུ་ཤུ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-30 10:31:15 ཀློག་གྲངས། 15

           བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཀུ་ཤུས་རྒྱུ་ལོང་འཁྲོག་འཁྲུ་གཟེར་བ་འཇོམས།།ཞེས་པ། འཁྲུངས་དཔེར།ཀུ་ཤུ་ཞེས་བྱ་ཁམ་བུའི་རིགས།།སྡོང་པོ་ལོ་མ་མེ་ཏོག་རྣམས།།ཁམ་བུ་དག་དང་འདྲ་བ་ལ།།འབྲས་བུ་ཁམ་བུ་འདྲ་ལ་ཆེ།།རོ་ནི་མངར་ལ་སྐྱུར་བ་ཡིན།།རང་གི་ནུས་པས་རྒྱུ་ནད་སེལ།།ཞེས་བཞིན་ལས། འབྲས་བུའི་ནང་རུས་ཁམ་ཚིགས་འདྲ་བ་མེད་ལ་སེ་ཡབ་ལྟར་ཚིགས་ཞིབ་མང་བ་ཡིན།འབྲས་བུའི་ཤ་མངར་སྐྱུར་པོ་སོགས་པའོ།། ཞེས་དང་།

          གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་ལས། ཀུ་ཤུ་ཞེས་བྱ་ཁམ་བུ་འདྲ།། འབྲས་བུ་ཤུན་པ་རྩེ་ཀུ་རྣམས།། གཅིག་ཏུ་ཟོས་ན་མངར་བ་སྟེ།། རང་གི་ནུས་པས་སྙིང་ནད་སེལ།། འཁྲུ་དང་རྒྱུ་མ་ན་བ་སེལ།།  

               གསོ་བྱེད་བདུད་རྩིའི་འཁྲུལ་མེད་ངོས་འཛིན་བཟོ་རིག་མེ་ལོང་དུ་རྣམ་པར་ཤར་བ་མཛེས་མཚར་མིག་རྒྱན་ལས། ཀུ་ཤུ་ནི། ལྡུམ་རར་འཛུག་འཛུགསཔའི་ཤིང་ཆེན་པོ་ལོ་མ་མེ་ཏོག་ཁམ་བུ་དང་མཚུངས་པར་ཤིང་ཐོག་དྲི་ལྷག་པར་ཞིམ་པ་སྨིན་པ་སྟེ། སེང་ལྡེང་ལྟར་ཆེ་ལ་པགས་པ་སེར་སྐྱ་ཕྱེད་དམར། རོ་མངར་ལ་སྐྱུར། ཞེས་གསུངས་ཡོད།

གོང་ངོས། ཀཎྡྲི་ཀ་རི།
X