>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

སྐྱེར་པ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-30 10:43:06 ཀློག་གྲངས། 41

           བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། སྐྱེར་པ་སེ་རྒོད་དུག་སྡུད་ཆུ་སེར་སེལ།།ཞེས་པས་སྐྱེར་པ་ནི། ལྕགས་ཕྲེང་ལས། སྐྱེར་པ་བསིལ་ལ་རྩུབ་པས་དུག་དང་ཆུ་སེར་འདོན།། ཞེས་དང་། དཔག་བསམ་ལྗོན་པར།སྐྱེར་ཤུན་འཁྲུ་བ་གཅོད་པ་དང་།།ཚད་རྙིང་ཆུ་སེར་རྙིང་པ་སེལ།། ཁཎྡྲིས་གྲང་སོགས་ནད་ཀུན་འཇོམས།། ཞེས་སོ།། མིང་།པ་ལ་ཏ་ཀདྷི་ཤ་རི།ཛི་བྱེད་ཏ།ཧ་རི་ཧ། དྷཱ་ཏུ། ཧ་ལ་དྷཱ། གསེར་ཤིང་། ཚེར་རྣོན། འབྲས་སྐྱུར།ལྤགས་པགསསེར། གསེར་ཤུན་ཞེས་ཟེར།རིགས་དཀར་ནག་གཉིས།འཁྲུངས་དཔེར།སྐྱེར་པའི་ཤིང་ནི་ཚེར་མ་ཅན།།སྐྱེར་པ་དཀར་པོ་ཞེས་ཀྱང་བྱ།།ཉིན་སྲིབ་གཉིས་ཀའི་མཚམས་སུ་སྐྱེ།།པགས་པ་དངུལ་མདོག་སྙིང་པོ་སེར།།མེ་ཏོག་སེར་ལ་འབྲས་བུ་དམར།།རོ་སྐྱུར་ནུས་པས་དུག་ནད་དང་།།རིམས་རྙིང་མིག་ནད་ཐམས་ཅད་སེལ།།ཞེས་པས་དཀར་པོ་ལོ་མ་དང་སྡོང་པོ་ཆེ།མེ་ཏོག་སེར་སྐྱ་ཕྱི་ལྤགས་དཀར།བར་ཤུན་སེར་ལ་མཐུགནག་པོ་ཕྱི་ལྤགས་ནག་ལ་ལོ་སྡོང་ཆུང་མེ་ཏོག་སེར་ཁ་ཆེ།སྐབས་འདིར་དཀར་པོ་དགོས།སྐྱེར་ནག་ལ་ལྷང་ཚེར་ཡང་ཟེར། རང་བྱུང་པས།སྐྱེར་པས་དུག་སེལ་མིག་ལ་ཕན།།ཞེས་དང་།

           གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་ལས། སྐྱེར་པས་མཁྲིས་ཆེན་ཚད་པ་སེལ་བར་བྱེད།། ཅེས་གསུངས།

                གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། སྐྱེར་པའི་ཁནྜ་སག་རྩི་སྦྱར།། རྣག་དང་རྨ་བྱུང་རྨེན་ངན་དང་།། ལིང་དོག་ཏོགསྐྱ་རིབ་ལ་སོགས་པ།། ཁྱེའུའི་ནུ་ཞོ་དང་སྦྱར་བྱུག། མིག་ནད་མ་ལུས་སེལ་བར་འགྱུར།། སྨན་མར་བྱས་ལ་ཁོང་དུ་བཏང་།། ཡེ་ཤེས་སྤྱན་དང་ལྡན་པར་འགྱུར།།ཞེས་གསུངས་ཡོད།

X