>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

ཁམ་བུ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-30 11:20:35 ཀློག་གྲངས། 25

          བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཁམ་བུས་སྐྲ་སོགས་སྤུ་སྐྱེ་ཆུ་སེར་སྐེམ།། ཞེས་པའི་ཚི་གུར་ཤིང་ཐོག་བཅུད་ལྡན་ཟེར། རང་བྱུང་བས། ཁམ་བུ་སེར་ཁམ་མཁྲིས་པ་སེལ།། ཞེས་པ་ལ་རིགས་གསུམ། མིང་། ཨ་ཤུ་ཡང་ཟེར། རི་ཁམ། ཀླུང་ཁམ་གཉིས། ཀླུང་ཁམ་ལ་རྒྱ་ཁམ་བོད་ཁམ་གཉིས། སྤྱིར་འཁྲུངས་དཔེར། ཁམ་བུ་ཞེས་བྱ་ཤིང་གི་མཆོག།སྡོང་པོ་ཆེ་ལ་རབ་ཏུ་མཁྲེགས།། ལོ་མ་རྒྱ་ལྕང་ལོ་མ་འདྲ།།མེ་ཏོག་དཀར་པོ་འབྲས་བུ་དམར།། རང་གི་ནུས་པས་རྨ་ནད་སོས།། ཞེས་རི་ཁམ་རོ་ཁ།ཀླུང་ཁམ་མངར། རྒྱ་ཁམ་འབྲས་བུ་ཆེ་ཞིམ་རུས་པ་སུལ་རིས་མང། བོད་ཁམ་དེ་ལས་རོ་སོགས་དམན་ལ་རུས་པ་འཇམ།བཟའ་ཤིང་སྟེ་ཀུན་གྱི་ཟས་སུ་བྱེད་པས་འཁྲུལ་བ་ཆུང་།ཤ་རུས་བསྲེགས་པའི་ཐལ་བས་རྨ་གསོ་ཆུ་སེར་སྐེམ་པར་བྱེད་ལ་ཚི་གུའི་མར་བྱུགས་པས་སྐྲ་དང་སྨར་སྨིན་རྨོང་སོགས་སྐྱེའོ།།ཞེས་དང་།

          གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། ཁམ་བུ་ཞེས་བྱའི་ཤིང་དེ་ནི།། རོང་ཁུང་ཟབ་པའི་ནང་དུ་སྐྱེས།། སྡོང་པོ་ཆེ་ལ་རབ་ཏུ་མཁྲེགས།། ལོ་མ་རྒྱ་ལྕང་ལོ་མ་འདྲ།། མེ་ཏོག་དཀར་པོ་འབྲས་བུ་ཅན།། རང་གི་ནུས་པས་རྨ་རྣམས་སེལ།། ཞེས་དང་།

          སྨན་མིང་རྒྱ་མཚོ་ལས། ཁམ་བུ་སེར་ཁམས་ཁམམཁྲིས་པ་སེལ།།  ཞེས་གསུངས་ཡོད།

གོང་ངོས། མཁལ་མ་ཞོ་ཤ
X