>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

ག་བྲ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-30 15:07:50 ཀློག་གྲངས། 19

        བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ག་བྲ་དག་ཀྱང་དེ་བཞིན་རིམས་ལ་ཕན།།ཞེས་པ་ཀཎྡྲི་ཀ་རི་ལ་རིགས་གཉིས་ཡོད་པའི་སྔ་མ་དཀར་པོ་དང་།ཕྱི་མ་འདི་སྨུག་པོ་སྟེ་འདི་སེ་བ་འབྲས་བཟང་འདྲ་བ་ལ།སྡོང་པོ་དང་ཐ་ཕྱིར་ཞོ་གཏོར་བ་ལྟར་དཀར་ཐིག་ཡོད་པ་ཡོང་།སྒེར་དུ་འདི་ལ་སྟག་ཚེར་དང་བྲྀ་ཧ་ཏི་ཟེར་བ་ཡིན།  ཞེས་དང་།

        གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། ག་བྲ་བ་དང་འབྲི་མོག་དང་།། ཤིང་མངར་སྦྲང་རྩི་དང་སྦྱར་ན།། གློ་ནད་མ་ལུས་རྣག་རྣམས་སྐེམ།། ཡི་ག་འབྱེད་ཅིང་རིམས་རྙིང་སྦྱོང་།། བད་ཀན་ནད་རྣམས་འོག་སྒོར་འདྲེན།།  

               འཁྲུངས་དཔེ་གཡུ་ཡི་ཕྲེང་བ་ལས། ག་བྲ་བ་ནི་ཤོ་མངས་ཡིན།། བད་ཀན་སྨུག་པོ་མཚོ་རལ་ནས།། ཁྲག་ཏུ་སྐྱུག་པའི་རྩ་ཁ་སྡོམ།། ཁྲག་འཆད་པ་ལ་ཐེ་ཙོམ་མེད།།   ཤོ་མངས་ཁྱད་པར་འཕགས་པ་ཡིན།།   ཞེས་གསུངས་ཡོད།

གོང་ངོས། གོ་བྱེ།
X