>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

གླང་མ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-30 15:32:36 ཀློག་གྲངས། 9

          བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། གླང་མས་མོ་ནད་དང་ནི་ཚད་པ་སེལ།། ཞེས་པ་ལ་རིགས་གཉིས། གླང་དཀར་དང་གླང་ནག་གཉིས་སོ།། གླང་དཀར་པགས་པ་དཀར་ལ་བོང་རིང་ལ་དྲང་བ་ཡིན། གླང་ནག་པགས་པ་དམར་ལ་བོང་ཐུང་ཞིང་ཡལ་ལག་ཐུང་སྤུན་སུར་ནག་ལྟར་མགོ་འབལ་འཁྲིགས་པ་ཡིན། དེ་དག་སྐམ་སྐྱེས་རླན་སྐྱེས་གཉིས་ཡོད། གླང་དཀར་སྐམ་སྐྱེས་བཟང་བ་ཡིན། ཞེས་དང་།

          སྨན་མིང་རྒྱ་མཚོ་ལས། གླང་མས་མོ་ནད་ཚད་པ་སེལ། ཞེས་གསུངས་ཡོད།

གོང་ངོས། གོ་ཡུ།
X