>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

སྒྲོན་ཤིང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-30 16:24:38 ཀློག་གྲངས། 22

           བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། སྒྲོན་ཤིང་བད་རླུང་ཆུ་སེར་གྲང་བ་སེལ།། ཞེས་པར།

             བདུད་རྩི་ཐིགས་པར། སྒྲོན་ཤིང་དྲོ་ཞིང་སྐམ་ལ་རླུང་ནད་དང་།། འོར་དང་སྐྲངས་པ་མ་ལུས་འཇོམས་པ་ཡིན།། འདིའི་སྨན་མར་རླུང་དང་བད་ཀན་དང་།། མཁལ་རྐེད་རྟུག་སྐམ་སྲིན་གྱི་ནད་རྣམས་སེལ།། ཞེས་དང་། དཔག་བསམ་ལྗོན་པར། སྒྲོན་ཤིང་དྲོ་ལ་སྐེམ་པར་བྱེད།། རླུང་ནད་འོར་དང་སྐྲངས་པ་འཇོམས།། ཞེས་པར། མིང་། གོར་ཙནྡན། ཐང་མ་སྒྲོན། ཐང་ཤིང་། ར་སྣ། འདི་དབྱིབས་ཚད་སོགས་སོམ་ཐང་ཤིང་འདྲ་ལ་ལོ་མ་དེ་ལས་རིང་པ་ཕག་རྒོད་ཀྱི་ཟེ་བ་གཤིབས་པ་ལྟ་བུ།འབྲས་བུ་ཐང་ཤིང་འབོས་བྱིས་བྱིངསལས་ཆེ་ལ་སྲ་མཁྲེགས་ཆངས་པར་ཆུད་ཙམ་ཡོད་པ།སྡོང་པོ་ཐང་ཆུས་ཟིན་པ་སེར་ལ་དངས།ཀུན་གྱིས་མེ་སྒྲོན་བྱེད་པ་ཛཱ་ཏིའི་དྲི་བྲོ་བ་དེའོ།།ཞེས་དང་།

          གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་ལས།སྒྲོན་ཤིང་རིན་པོ་ཆེ་ཡི་མཆོད་སྡོང་འདྲ།། ལོ་མ་གཡུ་ཡི་སྤྲིན་ཆེན་འདྲ།། སྙིང་པོ་ཀམ་ཀའི་མཆུ་དང་འདྲ།། རོ་ནི་བྲོ་དྲོཞིང་སྐམ་ལ་རྩུབ།། རང་གི་ནུས་པས་ཁྲུ་འཁྲུབར་བྱེད།། བསྐོལ་ཐང་བཏང་ན་འོར་ནད་སེལ།། མར་དང་སྦྱར་ན་ལུད་པ་དབུགས་མི་བདེ་བ་འཇོམས།།  

          གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། སྒྲོན་ཤིང་ལྷོ་བལ་རོང་ན་སྐྱེས།། དབྱིབས་ནི་རིན་ཆེན་མཆོད་སྡོང་འདྲ།། ལོ་མ་གཡུ་ཡི་སྤྲིན་ཕུང་འདྲ།། མེ་ཏོག་དམར་པོ་མེ་ལྕེ་ཕྱེད་མཆེདཔ་འདྲ།། སྙིང་པོ་རོ་ནི་མངར་ལ་རྩུབ།། རང་གི་ནུས་པས་འཁྲུ་བར་བྱེད།། བསྐོལ་ཐང་འོར་ནད་སེལ་བར་བྱེད།། ཁོང་པ་སྲིན་ཞུགས་ནད་རྣམས་ལ།། ཐང་གིས་མྱུར་དུ་སེལ་བར་བྱེད།།

          འཁྲུངས་དཔེ་གཡུ་ཡི་ཕྲེང་བ་ལས། སྒྲོན་ཤིང་རིན་ཆེན་མཆོད་སྡོང་འདྲ།། ལོ་མ་གཡུ་ཡི་སྤྲིན་ཆེན་འདྲ།། ལོ་མ་མེ་ཡུས་ཡིསའཆེད་མཆེདཔ་འདྲ།། སྙིང་པོ་སྐང་ཀངཀའི་འཆུ་མཆུདང་འདྲ།། རང་བཞིན་དྲང་ཞིན་ཞིངསྐམ་ལ་རྩུབ།། རང་གི་ནུས་པས་འཁྲུ་བར་བྱེད།། སྐོལ་ཐང་གཏང་ན་འོར་ནད་ཅན་ལ་ཕན།། མར་དང་སྦྱར་ན་ལུད་པ་དབུགས་མི་བདེ།། དེ་ནད་ཀུན་སེལ་བར་བྱེད་པའི་མཆོག།

          རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། སྒྲོན་ཤིང་ནི་ཐང་མ་གོར་ཙན་དན་ཏེ་སྣུམ་ལྕི་ཚའོ་ཁྲག་བཟང་བོ། མིག་མིངགཞན། དྷི་བ་དྷ་རུ་ཞེས་ཟེར་ལ་སྤྱིར་དྷི་མ་དྷ་རུ་ཞེས་པ་ཙན་དན་སྨུག་པོ་དང་། ཤུན་པ་ཙན་དན་ལ་འཇུག་པ་ཡོད་དེ། གྲང་རླུང་ཆུ་སེར་སྲིན་ནད་འཇམ་རྩི་སོགས་ཀྱི་སྐབས་སུ་སྒྲོན་ཤིང་བཏང་ལ་གཞན་གཉིས་པོ་སྐབས་དང་སྦྱར།།

          སྨན་མིང་རྒྱ་མཚོ་ལས། སྒྲོན་ཤིང་སྐྲན་ནད་ཀུན་ལ་ཕན།

          གཡུ་ཐོག་ལུགས་ཀྱི་མཁས་པའི་ཕྱག་བཞེས་ཟུར་བཀོད་ལས། སྒྲོན་ཤིང་ཐང་ཚན་མོས་ཀྱང་རླུང་སེལ། སྒྲོན་ཤིང་བསྡུས་ཀྱང་འཇམ་ལ་ཟབ། སྒྲོན་ཤིང་ཕྱེ་མ་ཆང་བསྐོལ་ལ་སྦྱར་བ་ཡང་རླུང་ཐོར་བུ་ཐམས་ཅད་སེལ། ཞེས་གསུངས།

           སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། སྒྲོན་ཤིང་རོ་མངར་ཞུ་རྗེས་དྲོ་ལ་སྐམ།། ནུས་པས་བད་རླུང་ཆུ་སེར་གྲང་བ་སེལ།། དེ་ཕྱིར་འོར་དང་སྐྲངས་པ་ཀུན་ལ་མཆོག།  

               གསོ་བྱེད་བདུད་རྩིའི་འཁྲུལ་མེད་ངོས་འཛིན་བཟོ་རིག་མེ་ལོང་དུ་རྣམ་པར་ཤར་བ་མཛེས་མཚར་མིག་རྒྱན་ལས། སྒྲོན་ཤིང་ནི། ཐང་ཤིང་། ཐང་མ་སྒྲོན། ཐང་གོར་ཙན་དན། མདུང་ཤིང་། ར་སྣ་ཟེར། དབྱིབས་སོམ་ཐང་ཤིང་འདྲ་ལ་ལོ་མ་ཕག་ཟེ་ལྟ་བུའམ་མཚོ་འདྲ་བ་འབྲས་བུ་འཇོང་མོ་ཐང་ཤིང་འབོས་བྱིས་ལས་ཆེ་ལ་སྲ་མཁྲེགས་ཆངས་པར་ཆུང་ཙམ་ཡོད་པ། སྡོང་པོ་ཐང་ཆུས་ཟིན་པས་སེར་ལ་དྭངས། མེ་སྒྲོན་བྱེད་ན་ཛ་ཏིའི་དྲི་བྲོ་བའོ།། ཚི་ལ་ཤེལ་ཏ་ཟེར།
གོང་ངོས། གླང་མ།
X