>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

རྒྱ་སྐྱེགས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-30 16:28:44 ཀློག་གྲངས། 50

               བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། རྒྱ་སྐྱེགས་འགྲམ་འགྲམསའཁྲུགས་ཁྲག་ནད་ཚད་པ་སེལ།། ཞེས་པར། རོ་སྐོར་ལས། རྒྱ་སྐགས་བསིལ་ལ་ཡང་བ་ཡིན།། ཁྲག་གིས་འགེགས་པའི་སྨན་ཡིན།། ཞེས་སོ།། མིང་ལ། ལཱཀྵ། ཛ་དུ། རཀྟ། ཛནྟ། སྐྱེ་ལྡན། ཡཱ་བ། ཨ་ལ་གྷ། ལོ་ཧི་ཏ། ཀྲྀ་མི་ཛ། ལི་ཏཾ། ཀེ་ཀྵུ། ལ་ཁ། ཌྲུ་མཱ་མ་ཡ།ཤིང་ཤོད།ཏི་ལཾ། སྲིན་པོའི་ཁྲགལྷ་མོའི་ཟླ་མཚན། ཁྱབ་འཇུག་རིལ་མ།རྒྱ་སྐྱེགས།རྒྱ་སྐགས།ཚོ ས།ཕོ་ཚོས་རྣམས་ཟེར།དོན་ལ་ཤིང་ཀེང་ཤུ་ཀའི་ཚི་ཡིན།བཏུ་དུས་ནམ་ཟླའི་དབང་གིས།གྲོ་ཚོས་ཞེས་དངས་ཤས་ཅན་དང་།ནག་ཧྲུག་ཅེས་དམར་ནག་གཉིས་འབྱུང་ངོ་།།འཁྲུངས་ཚུལ་ནི།རྒྱ་སྐྱེགས་ཤིང་དབྱིབས་སྟག་པ་འདྲ།།མེ་ཏོག་འདབ་མའི་ནང་དམར་ལ།།རྒྱབ་ནག་ཟེ་འབྲུ་སེར་པོ་ཅན།།ཀེང་ཤུ་ཀ་ཡི་ཐང་ཚི་ཡིན།།ཞེས་དང་།

               རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། རྒྱ་སྐྱེགས་ཞེས་པ་ལ་ཤིང་རྒན་གཞོན་དང་འཐུ་དུས་ཀྱི་ནམ་ཟླས་གྲོ་ཚོས་དང་ནག་ཧྲུག་གཉིས་སུ་ངེས་ཀྱང་། མིང་ནི། ལི་ཏིཏཾ། ལྷ་མོའི་ཟླ་མཚན། ཀིང་ཤུ། སྲིན་པོའི་ཁྲག ཁྱབ་འཇུག་རིལ་མ་ཞེས་སོགས་གྲགས།   ཞེས་གསུངས།

གོང་ངོས། སྒྲོན་ཤིང་།
X