>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

རྒྱ་ཤུག་འབྲས་བུ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-30 16:38:55 ཀློག་གྲངས། 45

          བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། རྒྱ་ཤུག་འབྲས་བུས་འགགས་འབྱིན་ཚབ་ཚབསནད་དང་།། དྲེག་དང་གློ་མཆིན་མཁྲིས་པའི་ནད་ལ་ཕན།། ཞེས་པར། དཔག་བསམ་ལྗོན་ཤིང་ལས། ཇི་ལས་མཁལ་མཆར་མཆེརནད་རྣམས་སེལ།། ཆུ་སྲི་ལྒང་པའི་ནད་ལ་ཕན།། ཞེས་དང་། རོ་སྐོར་ལས། རྒྱ་ཤུག་འབྲས་བུ་སྙོམས་ལ་ཚ་བས་མཁལ་ནད་སེལ།། ཞེས་དང་། རང་བྱུང་པས། དེ་བ་ད་རུས་ཚད་པ་སེལ།། ཞེས་པར། མིང་། དེ་བ་ད་རུ །ལྷ་ཤིང་། ཇི་ལ། སུ་རུ་ཙནྡན་སོགས་ཟེར། ངོ་བོ་ཤུག་པ་སྟེ་འདི་རིགས་ལ་ལུག་ཤུག་ཤུག་འཇམ་དང་། ར་ཤུག་ཚེར་ཅན་གཉིས་འབྱུང་བའི་སྔ་མ་སྟེ། དེ་ལ་ཆེ་འབྲིང་ཆུང་གསུམ་འབྱུང་། ཆེ་བ་ཉག་རོང་སོགས་སུ་སྐྱེ་བའི་ཤུག་པ་རྩ་སྡོང་སེར་ལ་སྣུམ་ཚི་ཅན་དྲི་མ་ཞིམ་པ་སྤོས་བྱེད་པ་ལ་དེ་བ་ད་རུ་ཟེར།འབྲིང་བ་གཙང་འགྲམ་སོགས་སུ་སྐྱེ་བའི་ཤུག་པ་ལོ་མ་གཡག་རྔ་ལྟར་ཐུར་དུ་འཕྱངས་པའི་ཁྲོད་ནས་མེ་ཏོག་གམ་སྙེ་མ་ཟ་རམ་བརྩེགས་ཆེ་བ་ཁྲུ་གང་ནས་ཆུང་བ་མཛུབ་མོ་ཙམ་དངོས་བསྟན་ཛོ་ཀི་རྣམས་ཀྱིས་འཁྱེར་བ་སོགས་ཏེ་ཤུག་པ་ཁྲོ་ཞལ་ཅན་གྱི་འབྲས་བུ་དང་། ཆུང་བ་ནགས་ཡོད་ས་གར་ཡང་ཉིན་དུ་སྐྱེ་བའི་ཤུག་འཇམ་སྡོང་པོ་ཆེ་ཆུང་གང་ཡང་ཐང་ཤིང་ལྟར་སྐྱེ་བའི་འབྲས་བུའོ།། ཞེས་དང་།

          གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་ལས། རྒྱ་ཤུག་འབྲས་བུ་རོ་ནི་དྲོ་ཞིང་རླན།། གློ་མཆིན་མཁྲིས་པའི་ནད་རྣམས་ཀུན་ལ་ཕན།།

          གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། རྒྱ་ཤུག་འབྲས་བུ་དྲོ་ལ་བརླན།། གློ་མཆིན་མཁྲིས་པའི་ནད་རྣམས་སེལ།། ཞུ་རྗེས་བསིལ་བའི་མཆོག་ཡིན།།  

          འཁྲུངས་དཔེ་གཡུ་ཡི་ཕྲེང་བ་ལས། རྒྱ་ཤུག་འབྲས་བུ་དྲོ་ཞིང་བླན་རླནཔ་བོའོ།། གློ་མཆིན་མཁྲིས་པའི་ནད་ལ་ཕན་པ་དང་།། ཞུར་བརྗེས་ཞུ་རྗེསབསིལ་བས་མཆོག་ཏུ་འབྱུང་བའོ།།  ཞེས་གསུངས་ཡོད།།

གོང་ངོས། རྒྱ་སྐྱེགས།
X