>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

ལྕང་མ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-31 9:33:02 ཀློག་གྲངས། 12

        བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ལྕང་མས་དུག་དང་དམུ་ཆུའི་ནད་ལ་ཕན།། ཚ་གྲང་སྐྲངས་པ་མ་ལུས་འཇོམས་པར་བྱེད།། ཞེས་པར། མིང་། ནི་ཙཱུ་ལ་ཟེར། འཁྲུངས་དཔེར། ལྕང་མ་དབྱར་པ་ཞེས་བྱ་བ།།སྡོང་པོ་ལོ་མ་ཆེ་བ་ལ།། མེ་ཏོག་བ་འདྲ་དཀར་པོ་འབྱུང་།། འབྲས་བུ་ཤིང་རྒན་འབྲས་བུ་ཅན།། ནུས་པས་རྩ་སྐྱོན་སྐྲངས་རྣམས་འཇོམས།། འདི་ཡི་བར་ཤུན་ཁྲག་གཅོད་སྨན།། ཞོ་དང་སྦྱར་བྱུགས་རྩ་སྐྲངས་འཇོམས།། མཁྲིས་རྩ་སྐྲངས་ན་ཞོ་དང་སྦྱར།། རླུང་རྩ་སྐྲངས་ན་བུ་རམ་སྦྱར།། རྩ་སྐྱོན་སྐྲངས་ལ་བདུད་རྩི་འདྲ།། ཞེས་པ་ལ་རིགས་གསུམ། རི་ལྕང་དབྱར་བ་དང་། རྒྱ་ལྕང་ཕྲ་མོ་དང་།  ཀླུང་ལྕང་སྐྱེད་མའོ།། རི་ལྕང་དབྱར་བ་ནི་བཤད་མ་ཐག་པའི་ལྕང་ཆེན་དང་། རྒྱ་ལྕང་ནི། འཁྲུངས་དཔེ་ལས། རྒྱ་ལྕང་ལྕང་ཕྲན་ལེགས་པ་ཡིན།། རྩ་ཡི་རྣག་ཆུ་བུ་གར་འདྲེན།། ཞེས་པ་ལྕང་མ་ཕྲ་ལ་དྲང་བར་སྐྱེས་པ་ལོ་མ་ཕྲ་མཉེན་སྲབ་ལ་རིང་བ་ཅན་དང་། ཀླུང་ལྕང་ལ་དཀར་ནག་གཉིས་འབྱུང་བའི་ལྕང་དཀར་གཞན་དུ་བཙུགས་ན་སྐྱེ་བ་ཤུན་པ་སྐྱ་བ་དང་། ལྕང་ནག་བཙུགས་ན་མི་སྐྱེ་བ་ལྤགས་པགསམདོག་ནག་པའོ།། ནུས་པ་ལྕང་ནག་དམན་གཞན་གསུམ་འདྲ་བའོ།། ཞེས་དང་།

      སྨན་མིང་རྒྱ་མཚོ་ལས། ལྕང་མས་སྨུ་དམུཆུའི་ནད་ལ་ཕན།། ཞེས་གསུངས་ཡོད།

གོང་ངོས། ཡིག་ཆ་མི་འདུག
X