>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

ཇ་ཤིང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-31 9:41:24 ཀློག་གྲངས། 12

      བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས།   ཇ་ཤིང་རྒྱ་ནད་ཚད་པ་ཀུན་ལ་ཕན།།ཞེས་པར།

              ལྕགས་ཕྲེང་ལས།ཇ་ཡི་ནུས་པ་བསིལ་ལ་ཡང་། ཞེས་པ་ནི། ཇ་རྒྱ་ནས་འོང་བའི་ཤིང་སྟེ། འདི་དང་པོ་མཐོ་རིས་ལྷ་ཡུལ་དུ་ཡོད་པ། གནམ་ནས་བྱ་ཚེ་རིང་གིས་ལོ་འདབ་འབྲས་བུ་ཕབ་པ། སྟོང་ཁུན་རྒྱལ་པོའི་སྲས་ཚད་པས་བསྙུན་པའི་པང་དུ་ལྷུང་པས་ལོ་མ་ཞལ་དུ་མྱངས་པས་ནད་ལས་གྲོལ་ཏེ། འབྲས་བུ་སར་བཏབ་པ་ལས་སྐྱེས་ནས་རྒྱ་ཡུལ་དུ་འཕེལ་བར་བཤད་ལ། འདིར་ནི་ཤིང་ཕྲན་པགས་པ་དཀར་པོ་བ་ལུ་འདྲ་བ། མེ་ཏོག་དཀར་པོ་སེ་བའི་མེ་ཏོག་འདྲ་ལ། ཆེ་ཆུང་ཡང་དེ་ཙམ་འབྲས་བུ་སེར་པོ་མཁལ་ཞོ་འདྲ་ལ།ཤན་ཇ་ཤིང་ཕུང་ཆེ་ལ་ལོ་མ་མཐུག  གཞུང་མ་དེ་ལས་ཆུང་ཙམ་དང་། ཆུག་ཇུ་ལོ་མ་སྔོ་ནག་ཕྲ་ལ་ཤིང་ཕུང་བ་ལུ་ཙམ་ཡོང་པ་དེ་དག་གི་ལོ་མས་རྒྱ་ཚད་སོགས་ལ་ཕན། ཇ་འཆམས་པ་འདི་ནི་དང་པོ་ལོ་མ་ལྗང་གུ་ཡིན་ཡང་དུད་རླངས་ཁར་བསྲོས་ནས་བསྙལ་ལ་བམ་ཞིང་སུངས་པར་བྱས་པས་ནུས་བསིལ་ཡང་སྨན་རང་མི་བཏུབ།། འདིའི་རླངས་ལུམས་ཀྱིས་ཚད་པ་རུས་ཞེན་འདོན།། ཇ་གང་ཡང་རྒྱུ་ཤིང་གཅིག་ལ་ནམ་ཟླའི་དབང་གིས་ལོ་མ་ཤེད་ཆེ་ཆུང་ལ་ཇ་བཟང་ངན་ཡོང་ལ། ལོ་རེར་ལན་བདུན་རེ་གཅོད་པར་རིམ་པ་བཞིན། མེ་ཏོག་གཡང་འཛིན། ཆིང་ཁྲཱ། ཀོ་པི་རྩེ། ཡིད་ཚང་། གཞུང་སྔ་མ། ཕྱི་ཁྲེབ། ཕིང་ཁྲཱ་དེ་རྣམས་སྔ་མ་བཅད་ཤུལ་དུ་ཕྱི་མ་སྐྱེ་བས་རིམ་པས་ཕྱི་མ་རྩུབ་རིམ་སྔ་མ་བསིལ་ལ་འཇམ་པ་ཡིན། ཞེས་དང་།

            སྨན་མིང་རྒྱ་མཚོ་ལས། ཇ་ཤིང་ཚད་པ་ཀུན་ལ་ཕན།  ཞེས་གསུངས་ཡོད།

གོང་ངོས། འཇམ་འབྲས།
X