>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

སྟར་ག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-31 10:50:41 ཀློག་གྲངས། 16

               བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། སྟར་གས་རླུང་སེལ་ཡན་ལག་འཁུམས་པ་བསྲང་།།ཞེས་པར།རང་བྱུང་བས།སྟར་འབྲས་རླུང་ནད་སེལ་བ་ཡིན།།ཞེས་དང་།དཔག་བསམ་ལྗོན་ཤིང་ལས།སྟར་གས་རླུང་སེལ་བད་ཀན་སྐྱེད།།ཅེས་པ།བཟའ་ཤིང་ལྕང་མ་འདྲ་བའི་འབྲས་བུ་ནོར་འཕྲང་ཆུང་།ཕྱི་ལྤགས་འབྲས་སྐོག་གིས་སྐོགས་ཀྱིསསྐྲ་ནག་པོར་བྱེད་པ་དང་སྐྱེ་བར་བྱེད་པ་ལ་འགྲོ། ནང་ཚིགས་རླུང་ལ་ཕན་ཞིང་བྱུགས་པས་རླུང་ནད་གཟུགས་འཁུམས་ལ་ཕན། སྟར་ག་ནི། སྟར་འབྲས་ཟེར། བཟའ་ཤིང་ལྕང་མ་འདྲ་བའི་འབྲས་བུ་སྟེ། ཕྱི་ལྤགས་སྐོག་སྐོགསསྔོ་ལ་ནང་ཚི་གུ་ཁམ་བུའི་ཚི་གུ་ལྟར་དཀར་བུ་ག་མང་པོའི་ཉམས་ཅན་ཏེ། ད་ལྟ་རྒྱ་ནག་སྟར་ག་རྡོག་པོ་ཆེ་ཡོད།། ཅེས་གསུངས་ཡོད།

གོང་ངོས། སྟར་བུ།
X