>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

ད་ལི།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-31 10:57:54 ཀློག་གྲངས། 12

            བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ད་ལིས་བད་ཀན་གྲང་སེལ་ཚེ་བཅུད་ལེན།།ཞེས་པར།

               ལྕགས་ཕྲེང་ལས།ད་ལིས་དྲོ་ལ་ཡང་བས་བད་ཀན་སེལ།། ཞེས་དང་།གདམས་པ་སུམ་ཅུ་པ་ལས།། ད་ལིས་དྲོ་ཞིང་སྙོམས་ལ་བད་ཀན་སེལ།། གློ་ནད་གཟེར་ཐབས་དང་ག་འཁྱིག་ལ་ཕན།། ཞེས་དང་། རང་བྱུང་རྡོ་རྗེས། ད་ལིས་གྲང་རླུང་ཀུན་སེལ་ལོ།། ཞེས་པ་ལ།མིང་། ད་ལིས། བལ་བུ། བ་ལུ། དུང་ཤིང་། སུར་དཀར། བདུད་རྩེ་རྩིད་ལས་ལིསཟེར། འདི་འཕགས་པ་ཐུགས་རྗེ་ཆེན་པོས་སེམས་ཅན་ལ་ཐུགས་བརྩེ་བའི་སྤྱན་ཆབ་ལས་བྱུང་བར་བཤད། འཁྲུངས་དཔེར། བདུད་རྩི་ད་ལིས་ཞེས་བྱ་བ།། བ་ལུ་དཀར་པོ་ཞེས་བྱ་བ།། སྲིབ་མོའི་རི་མཐོན་དག་ལས་སྐྱེ།། སྡོང་པོ་དཀར་ལ་ལོ་མ་ཁམ།། མེ་ཏོག་དཀར་ལ་འབྲས་བུ་ཅན། །རོ་ནི་མངར་ཁ་བསྐ་བ་ཡིན།། རང་གི་རོ་འཇམ་ནུས་པ་དྲོ།། རླུང་མཁྲིས་བད་ཀན་སྐད་འགགས་དང་།། གློ་ནད་མ་ལུས་སེལ་བར་བྱེད།། ཅེས་པ་ལ་རིགས་དཀར་ནག་གཉིས་ཡོད་པའི་དཀར་པོ་བཤད་པ་འདིའོ།། ནག་པོ་སུར་ནག་ཟེར་བ་སྐབས་འདིར་མིན་ནོ།། ནག་པོ་ནི་ལོ་མ་ནག་ལ་མེ་ཏོག་དམར་བ་རོ་ཚ་ལ་ནུས་པ་དྲོ་བས་གྲང་ནད་སེལ་བ་དང་། ལོ་མས་གག་ལྷོག་ལ་ལུམས་བྱས་པས་ཕན་པ་ཡིན། ཞེས་དང་།

               རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། ད་ལིས་ནི་བ་ལུ་ལ་ཟེར་ཞིང་འདི་ལ་དཀར་ནག་གཉིས་ཀྱི་དཀར་པོ་སྨན་ནོ།།  ཞེས་གསུངས་ཡོད།

གོང་ངོས། དན་རོག
X