>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

དར་ཤིང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-31 11:12:02 ཀློག་གྲངས། 12

          བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། དར་ཤིང་རུས་པའི་ཚད་པ་ཀུན་ལ་ཕན།། ཞེས་པ་རོང་ཆེན་དུ་སྐྱེ་བའི་ཤིང་སྡོང་ཆེ་བ་ཤུན་པ་སྐྱ་བོ་ཅན།། སྡོང་པོ་ཁ་གསར་གསེརདཀར་ལ་ཁོག་རྒས་གསེར་ལྟར་སེར་བ། སོག་པོ་སོགས་ཀྱིས་མེ་མདའ་དང་གྲིའི་ཤུབས་བྱེད་པ། ཤིང་ཞོག་ཞོགསབསྐོལ་ན་ཁུ་བ་ཇ་བཟང་ལྟར་འབབས་པས་ཇ་བྱེད་པའི་འབྲས་བུས་རུས་ཚད་ལ་ཕན།ཁུ་བ་ཁཎྡྲིས་མོ་ནད་རུས་ཚབ་ཚདལ་ཕན་པའོ།།  ཞེས་དང་།

          སྨན་མིང་རྒྱ་མཚོ་ལས། ད་ལིས་གྲང་རླུང་ཀུན་སེལ་ལོ།།  

              གཡུ་ཐོག་ལུགས་ཀྱི་མཁས་པའི་ཕྱག་བཞེས་ཟུར་བཀོད་ལས། ད་ལིས་ལོ་མའི་ཐང་གིས་སྲིན་ལ་ཟབ། སྲིན་བསོད་གསོདནད་གཞན་ལ་མི་འཕོག ཁ་ཆེའི་བ་ལུ་ཐམས་ཅད་ཀྱི་འབྲུ་གུ་ལི་ཤིར་འདུག་གསུངས། རོ་དང་ནུས་པ་ཡང་གཅིག་གསུངས། ད་ལིས་ཀྱང་སྲོག་རྩའི་བད་རླུང་སེལ་གསུངས། ད་ལིས་རོ་ཁ་བ་དང་ཚ་བ། ནུས་པ་ཞུ་རྗེས་དྲོད། ཁྱད་པར་བད་ཀན་གྲང་བ་ལ་འགྲོ། མཐུ་ནུས་མེ་ཏོག་མ་ཤར་ཙམ་གྱི་ཁ་འབུས་ལ་དགའ། སྲིན་ལ་གཏོང་ན་ཚ་སྲིན་གྲང་སྲིན་ཐང་གྲང་དྲོ་ཡིན། ཞེས་དང་།

          སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། རྒྱ་སྐད། ཏ་ལའི། ཟུར་ཆག་པ་ད་ལིས་ཏེ། རྩ་སྡོང་ལོ་མ་མེ་ཏོག་ཀུན་བོད་ཀྱི་འདི་དང་མཚུངས་སོ།།  ཞེས་གསུངས་ཡོད།

གོང་ངོས། ད་ལི།
X