>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

དོང་ག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-31 11:14:42 ཀློག་གྲངས། 28

          བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། དོང་གས་མཆིན་ནད་སེལ་ཞིང་འཇམ་པོར་འཁྲུ།། ཞེས་པར། ལྕགས་ཕྲེང་ལས། དོང་ག་ཚ་ལ་དྲོད་སྐྱེད་ལྕི་བའི་མཆོགཅེས་དང་། བདུད་རྩི་ཐིགས་པར། དོང་ག་ཆ་སྙོམས་བག་ཙམ་རླན་པས་འཁྲུ།། མཉེས་པའི་ཁུ་བས་ཡན་ལག་སྐྲངས་པ་སེལ།། ཞེས་དང་། རང་བྱུང་པས། དོང་ག་སྨུག་པོས་སྦྱོང་བར་བྱེད།། དོང་གའི་ཤིང་གིས་དུག་ལ་ཕན།། ཞེས་གསུངས། མིང་། ཀཎྜཾ་ཀ་ར། ཤྱཱ་མ་ཀ་ར། ཉ་ཤ་ཀཤ་མྱང་ཀཨ་རཀྟ། རཱ་ཛ་བྲྀཀྵ། ལྗོན་ཤིང་གི་རྒྱལ་པོ་རྣམས་ཟེར། འཁྲུངས་དཔེར། སྨན་མཆོག་དོང་ག་ཞེས་བྱ་བ།། དབེན་ལ་དྲོད་ཆེའི་ས་ལས་སྐྱེ།། ལོ་མ་མེ་ཏོག་ཆེ་བ་ལ།། རང་ཉིད་ཤིང་གཞན་ལ་འཁྲིལ་སྐྱེ།། འབྲས་བུ་ལོང་ཀ་ཁྲག་བརྒྱངས་འདྲ།། རོ་ནི་མངར་ལ་ཡིད་ཙམ་ཚ།། རང་གི་ནུས་པས་ནད་རྣམས་སྦྱོང་།།ཞེས་པའི་གང་བུ་སྨུག་པོའི་ནང་དུ་ཚིགས་མཚམས་རེར་འབྲས་བུ་དཀར་པོ་འོད་ཅན་རེ་ཡོད་པ་དེ་གཏོང་བ་ཡིན།བྲང་ཏི་པས།དོང་གའི་ཚིགས་པ་རེ་རེའི་བར།བྱིས་པ་འཁྲུ་བྱེད་རེ་རེ་ཡོད། མཆིན་དུག་སྦྱོང་བའི་གསང་སྨན་ཡིན།། ཞེས་གསུངས། འདྲ་དཔེར། དོང་ག་མི་བརྒྱགས་རྟགས་འགྲེང་འདྲ།། ཞེས་དང་། འདྲ་ཡིག་ཏུ། དོང་ག་ཁྲག་རྒྱུ་ནག་པོ་འདྲ།། ཞེས་དང་།

        རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། དོང་ག་བཤལ་སྨན་ཐོག་ཅན་ཏེ་ཤ་མྱང་ཀ་ར་ཞེས་སོ། དོང་ག་རོ་མངར་ཞུ་རྗེས་བསིལ་དུ་འདོད།། ནུས་པས་ཚད་ནད་སྦྱོང་བར་བྱེད་པ་ཡིན།། ཞེས་གསུངས་ཡོད།

གོང་ངོས། དར་ཤིང་།
X