བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ནགས་མའི་ཐང་ཆུས་རྣག་འབིགས་ཆུ་སེར་འཛིན།། ཞེས་པ་རིགས་གསུམ། སོམ་ཐང་ཤིང་གི་ཐང་ཆུ་དང་། ཤུག་པའི་ཐང་ཆུ་དང་། བྱིའུ་ཐང་ཆུ་ཞེས་ཤིང་ཚེར་མ་སོགས་གཞན་ཚི་བ་མེད་པའི་རྐ་བྲག་བར་དུ་འབུས་སྦྲང་ལྟར་བསྔགས་པ་སྤོས་དཀར་འདྲ་བ་ཡོང་བའོ།། གང་ཡང་དངས་པ་དང་ཁྱད་པར་སོམ་ཐང་ཆུ་ངར་སྣབས་ལྟར་འོད་ནར་གྱིས་ཟག་[ཟགས]པ་བཟང་ངོ་།། ཞེས་གསུངས་ཡོད།