>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

མ་གལ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-31 16:24:06 ཀློག་གྲངས། 17

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། མ་གལ་གློ་བའི་ནད་དང་འབྲུམ་པར་ཕན།།ཞེས་

དང་།འཁྲུངས་དཔེར།མ་གལ་ཞེས་བྱ་ལྕང་མའི་རིགས།།ལོ་མ་རྒྱབ་སྐྱ་སྤྲ་བ་འདྲ།།པགས་པ་ལྕང་མ་འདྲ་བ་ལ།།རོ་ཡང་ལྕང་མ་དག་དང་

འདྲ།།ཞེས་སྡོང་པོ་དབྱར་པ་ལྟ་བུ་རིང་ལ་ལོ་འདབ་ཀྱི་ཕྱི་ལ་སྤྲ་བ་ཡོད་པ་དེའོ།།  ཞེས་དང་།

  གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་ལས། མ་གལ་ཞེས་བྱ་ལྕང་མ་ནི།། སྡོང་པོ་རིང་ལ་འཛེར་པ་མང་།། ལོ་མ་སྤྲ་བ་འདྲ་སྟེ་སྐྱ།། རིགས་ནི་ལྕང་མའི་རིགས་ཡིན་ནོ།། མ་གལ་ཤུག་པ་སེང་ལྡེང་དང་། གླ་སྒང་དང་ནི་དོང་ག་དང་།། འདི་རྣམས་སྦྱར་ནས་བཏང་བ་ན།། འབྲུམ་བུའི་ནད་ནི་སེལ་བར་བྱེད།། ཅེས་དང་།

  གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། མ་གལ་ཞེས་བྱ་ལྕང་མའི་རིགས།། ལོ་མ་རྒྱབ་སྐྱ་སྐྲངས་པ་འདྲ།། པགས་པ་ལྕང་མ་འདྲ་བ་ལ།། རོ་ནི་ལྕང་མ་དག་དང་འདྲ།། དེ་ཡི་ཤུན་པ་སེང་ལྡེང་དང་།། གླ་སྒང་དང་ནི་དོང་ག་དང་།། སྤང་རྒྱན་སྔོན་པོ་ལྔ་འདི་རྣམས།། ལེགས་བཏགས་འབྲུམ་བུའི་ནད་རྣམས་སེལ།། ཞེས་དང་།

 འཁྲུངས་དཔེ་གཡུ་ཡི་ཕྲེང་བ་ལས། མ་གལ་ཞེས་བྱའི་སྤྱང་ལྕངམ་ནི།། ལོ་མ་སྐྲངས་པའི་མདོག་འདྲ་སྐྱ།། སྡོང་པོ་རིང་ལ་མཛེར་བ་ཉུང་།། དེ་དང་སེང་ཐེམ་ཕྲོམབླ་རྒང་སྒངདང་།། དོམ་ཁ་འདི་རྣམས་སྦྱར་གཏང་ན།། འབྲུམ་བུའི་ནད་རྣམས་སེལ་བར་བྱེད།། ཅེས་དང་།

 གསོ་བྱེད་བདུད་རྩིའི་འཁྲུལ་མེད་ངོས་འཛིན་བཟོ་རིག་མེ་ལོང་དུ་རྣམ་པར་ཤར་བ་མཛེས་མཚར་མིག་རྒྱན་ལས། མ་གལ་ནི། ལྕང་མའི་རིགས་ཏེ། སྡོང་པོ་དབྱར་བ་འདྲ་རིང་། ལོ་མའི་རྒྱབ་སྐྱ་སྤྲ་བ་འདྲ་ལ། པགས་དང་རོ་ལྕང་མ་འདྲའོ།། ཞེས་གསུངས་ཡོད།

གོང་ངོས། མ་རུ་རྩེ།
X