>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

ཚར་འབྲུམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-31 16:39:54 ཀློག་གྲངས། 14

       བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས ། ཚར་འབྲུམ་ཡན་ལག་ཆུ་སེར་བྱེར་བ་སྡུད།།ཅེས་པ་ཆར་ཚརབུ་སྟེ།འདི་ལ་རིགས་གསུམ།ཀླུང་ཤོད་སྐྱེ་བའི་ཚར་དཀར་པགས་པ་དམར་པོ་ཅན་དང་།ཚར་ནག་ནག་པོ་ཚེར་མ་ཅན་ཏེ་སྲ་ཤིང་སྟ་སྟེའུ་ཐོ་བ་སོགས་ཀྱི་ཡུ་བ་བྱེད་པ་དང་།ཁ་སྟོད་བྲག་ལ་འབྱར་བའི་ཚར་ལེབ་གསུམ་གྱི་འབྲས་བུའོ།། ཞེས་དང་།

             གསོ་བྱེད་བདུད་རྩིའི་འཁྲུལ་མེད་ངོས་འཛིན་བཟོ་རིག་མེ་ལོང་དུ་རྣམ་པར་ཤར་བ་མཛེས་མཚར་མིག་རྒྱན་ལས། ཚར་འབྲུམ་ནི། ཡུལ་གར་ཡང་སྐྱེ་བ་ལོ་མ་ཀུ་ཤུ་ལྟ་བུ་ཆུང་ཞིང་མཁྲེགས་པ། ཚར་ལ་ཡང་གསུམ་སྟེ། ཀླུང་ཤོད་སྐྱེ་པའི་ཚར་དཀར་པགས་པ་དམར་བ་དང་། ཚར་ནག་ནག་པོ་སྲ་བ་ཚེར་མ་ཅན་དང་། ལ་སྟོད་བྲག་ལ་འབྱར་བའི་ཚར་ལེབ་རྣམས་ཀྱི་འབྲས་བུའོ།། ཞེས་གསུངས་ཡོད།

གོང་ངོས། ཡིག་ཆ་མི་འདུག
X