//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

སྲོག་རླུང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 8:32:45 ཀློག་གྲངས། 153 

    སྲོག་རླུང་གི་ནད་ནི་རླུང་སྲོག་འཛིན་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་བའམ་རྒྱུ་ལམ་ལོག་ནས་སྲོག་རྩ་དཀར་བོའི་ཆ་ཤས་ལ་གནོད་དེ་ཡུལ་ལྔའི་རྣམ་ཤེས་བདག་ཏུ་འཛིན་པ་པ་དང་ཤེས་པ་འཕྱོས་པ། འཁྲུལ་སྣང་སོགས་འབྱུང་བའི་ནད་ཅིག།

རྒྱུ་རྐྱེན།

  མྱ་ངན་དང་སེམས་ལས་ཆེ་བ།། ཁ་ཡི་ལས་ཆེ་དྲགས་པ། ཡུན་རིང་དུ་གཉིད་ཆག་པ། མི་འདོད་པའི་གཏམ་དང་འཇིགས་སྐྲག་སྐྱེས་པ་། ཁྱད་པར་དུ་ཟས་རྩུབ་པ། སྨྱུང་བ། ལྟོ་སྟོང་ལུས་ངག་གི་བྱ་བ་དྲག་ཤུལ་བྱས་པ། དྲི་མ་འགགས་ཏེ་ཤུགས་ཀྱིས་བཙིར་བ། རྒྱལ་གདོན་སོགས་ཀྱིས་སློང་བ་ཡིན།

ནད་རྟགས།

  མགོ་འཁོར་བ། སྙིང་འཕྱོས་པ། དབུགས་སྡུད་དཀའ་ཞིང་མིད་མི་ཐུབ་པ། ཡིད་མི་བདེ་ཞིང་འཇིགས་སྐྲག་སྐྱེས་པ། རྨི་ལམ་ཟ་ཟི་མང་བ། གཉིད་ཡེར་བ། ལུས་འདར་ལ་རྔུལ་མང་བ། ཤེས་པ་འཕྱོས་པ། བྲང་གཞུང་དཀར་ནག་མཚམས་དང་རླུང་གསང་མནན་ན་གཟེར་ལ་དུས་ལྟར་གསོ་བཅོས་མ་བྱས་ན་སྨྱོ་བྱེད་ཀྱི་ནད་དུ་འགྱུར་བའང་ཡོད།

  འཕར་རྩའི་རྒྱུ་བ་སྟོང་ལ་རྐྱལ་བ་དང་། སྐད་ཅིག་ཙམ་ཡང་མི་བརྟན་པར་སྡོད་འཐེན་མང་བ།

དྲི་ཆུ་སྔོ་ལ་སླ་བ། རླངས་པ་ཆུང་ལ་ཡུན་ཐུང་བ། དྲི་མ་མེད་པའམ་ཡང་ན་ཆུང་བ། ཝུ་བ་སྔོ་ལ་ཆེ་བ། ཀུ་ཡ་སྤུ་དང་འདྲ་བ། སྤྲིས་མ་སྲབ་པ། རླངས་པ་ཡལ་རྗེས་ལྡོག་པ་དང་། ལྡོག་ཚུལ་གང་སྲབ་མཐའ་ནས་ལྡོག་པ། ལོག་རྗེས་སྔོ་ལ་སླ་བ།

 ལྕེ་མདོག་དམར་ལ་ལྕེ་ངོས་རྩུབ་པ་དང་། ཁ་ཅིག་གི་ལྕེ་སྟེང་གས་པའང་མངོན།

གཞོགས་འདེགས་བརྟག་དཔྱད།

  སྲོག་རླུང་ནི་གཙོ་བོ་ཁ་ཟས་རྩུབ་པོའི་རིགས་ཟ་ཆེས་བ་དང་། གང་ཡང་མ་ཟོས་བ། སྤྱོད་ལམ་དྲག་ཤུལ་གྱི་ལས་སམ་བཤང་གཅི་ཤུགས་བཀག་པ་ལས་བྱུང་བ་དང་། རྟགས་སུ་མགོ་བོ་འཁོར་བ་དང་སྙིང་འཕྱོ་བའི་སྣང་ཚུལ་འབྱུང་བས། གཞོགས་འདེགས་བརྟག་དཔྱད་དུ་བཤང་བ་དང་གཅིན་པྲར་བརྟག་པས་རང་མདོག་འགྱུར་བ། སྙིང་གི་བྱེད་ལས་ཀྱི་ཚད་མཐོ་ལ་སྙིང་གི་ལྡང་ཚད་མགྱོགས་པ། ཁྲག་ཤེད་དམའ་བ། ཀླད་པརCTབརྟག་དཔྱད་བྱ་རྒྱུ།

འཁྲུལ་སོ་བསལ་བ།

  སྙིང་རླུང་དང་འཁྲུལ་སོ་བསལ་བ། སྙིང་རླུང་དང་སྲོག་རླུངག་གི་སྤྱི་རྟགས་སུ་མགོ་ཡུ་འཁོར་བ་དང་། ཤེས་པ་འཕྱོས་པ། གཉིད་ཡེར་བ་བཅས་ཀྱི་ན་ལུགས་མངོན། ཁྱད་པར་དུ་སྲོག་རླུང་ནི་ལུས་འདར་ལ་དབུགས་ནང་དུ་སྡུད་དཀའ་ཞིང་མིད་མི་ཐུབ་པའི་ན་ལུགས་མངོན་པ་ཡིན།

  རླུང་ཤས་ཆེ་བའི་སྟོད་འཚངས་དང་སྙིང་ནད་རླུང་གཟེར་གཉིས་ལ་འཁྲུལ་སོ་བསལ་བ། རླུང་ཤས་ཆེ་བའི་སྟོད་འཚངས་དང་སྙིང་ནད་རླུང་གཟེར་གཉིས་ལ་མགོ་ན་བ་དང་རོ་སྟོད་གཟེར་བ། དབུགས་རྔམ་པའི་ཆ་ནས་འདྲ་ལ་རེ་རེའི་ངོས་ནས་བཤད་ན་སྙིང་གི་རླུང་གཟེར་ནི་མིག་རྩ་རྒོད་ཅིང་ཁ་ལྕེ་སྐམ་ལ་རྩུབ་པ་དང་། རླུང་ཤས་ཆེ་བའི་སྟོད་འཚངས་ནི་འགུལ་དཀའ་བྲང་རྒྱབ་གཟེར་ལ་ཁྱད་པར་དུ་འཚངས་ཕུལ་ཆེ་བས་ནད་པ་ལ་དྲིས་པ་ཙམ་གྱི་ངོས་ཟིན་པ་ཡིན།

གོང་ངོས། ཡིག་ཆ་མི་འདུག
X