//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

ཕོ་རླུང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 15:03:05 ཀློག་གྲངས། 104 

  ཕོ་བར་རླུང་རང་གི་ལྡང་ཚད་ལས་འཕེལ་བའམ་འཁྲུགས་པར་གྱུར་ནས་ཕོ་བ་སྦོ་ཞིང་སྟོང་སྒྲེག་དང་སྟོང་སྐྱུགས་བྱེད་པའི་ཕོ་ནད་གྲང་བ་ཞིག།

རྒྱུ་རྐྱེན།

  རྒྱུ་ནི་ངལ་དུབ་ཆེ་བ་དང་། རླན་ཅན་གྲང་བའི་གནས་སུ་འདུག་ཆེ་བ། བཟའ་བཏུང་བསྟེན་དྲག་པ་དང་། ཁ་ཟས་མ་འཕྲོད་པ་སོགས་ཕོ་ནད་སྤྱི་རྐྱེན་དང་རླུང་རྐྱེན་འདོམ་པ།

ནད་རྟགས།

  ཕོ་རླུང་ཕོ་བ་སྦོ་ཞིང་སྟོང་སྒྲེག་བྱེད་པ་དང་། འབྲབ་པ་བཞིན་དུ་ན་ཞིང་སྟོང་སྐྱུགས་བྱེད་པ། ཡང་ན་སྒྲ་བཅས་འཁྲོག་ཅིང་འཁྲུ་བ་དང་། ལྷག་པར་དུ་ལྟོགས་དུས་ན་ཞིང་ཟས་རྗེས་བདེ་བར་མངོན་པ་ཡིན།

  འཕར་རྩའི་རྒྱུ་བ་སྟོང་ལ་བྱིང་བ་དང་།

  དྲི་ཆུ་དཀར་ལ་སྔོ་བ། ཀུ་ཡ་དང་སྤྲིས་མ་མེད་པར་ཝུ་བ་ཆེ་བ་སོགས་ཀྱི་རྟགས་འབྱུང་།

གཞོགས་འདེགས་བརྟག་དཔྱད།

   བརྒལ་རླབས་ལས་ཕོ་བར་སྐྲན་ཡོད་མེད། ཕོ་ཤེལ་འཕྲུལ་ཆས་ལས་ཕོ་བར་སྐྲན་ཡོད་མེད་ཀྱི་དོགས་གཞི་དག་གསལ་བོ་ཐག་གཅོད་ཐུབ་པ་མ་ཟད། ཕོ་བའི་ནད་ཀྱི་ཚད་གཞི་གང་འདྲ་ཞིག་ལ་སླེབས་ཡོད་པར་ལག་ལེན་ཐོག་རམ་འདེགས་བྱེད་ཐུབ། སྙིང་གི་ནུས་པ་ཞན་དུ་འགྲོ་བ་བཅས།

འཁྲུལ་སོ་བསལ་བ།

  ཕོ་བའི་བད་ཀན་དང་ཕོ་བར་མཁྲིས་པ་བབས་པ། ཕོ་ནད་སྨུག་པོ། ཕོ་ནད་དུག་ཐབས་བཅས་ཕོ་བའི་གནས་སུ་ན་ཞིང་། ཕོ་བ་བད་ཀན་མཚོ་ཡིན་པས་སྦོ་འཁྲོག་འཁྲུ་སྐྱུགས་སྒྲེག་པ་དང་། དང་ག་ཞན་པ་སོགས་མ་ཞུ་བའི་རྟགས་ཤས་ཆེར་འབྱུང་བའི་ཆ་ནས་འཁྲུལ་སོ་ཆེ་ཡང་སོ་སོར་དམིགས་བསལ་གྱི་ནད་རྟགས་རེ་ཡོད་པས་འཁྲུལ་སོ་བསལ་ནུས་ཏེ།

  ཕོ་བའི་བད་ཀན་དང་འཁྲུལ་སོ་བསལ་བ། འཚིང་སྒྲེག་ཟས་མི་འཇུ་བ་དང་། བསིལ་ཟས་འཇུ་དཀའ་བའི་རིགས་ཟོས་རྗེས་དང་རྔུལ་གྲང་རྗེས་ལ་ན་བ། ཟས་ལ་འཁྲེན་པ་སྟེ་ཟ་འདོད་ཆེ་བ་དང་། ཟོས་འཕྲལ་དུ་ཡུན་མ་ལོན་པར་ན་བར་བྱེད་ཅིང་འབྱར་བར་ཅན་སྐྱུགས་པ་དང་འཁྲུ་བར་བྱེད་པ། ཡང་ན་ཟས་མ་སྨིན་པར་རྩམ་པ་རང་དུ་འཁྲུ་བ་བཅས་བད་ཀན་དང་མ་ཞུ་བའི་ནད་རྟགས་ཤས་ཆེར་མངོན་པ་ལས་འཁྲུལ་སོ་སེལ་ནུས།།

  ཕོ་བར་མཁྲིས་པ་བབས་པ་དང་འཁྲུལ་སོ་བསལ་བ། ཕོ་བར་མཁྲིས་པ་བབས་ན་མཁྲིས་ཁུ་འཁྲུ་བའམ་སྐྱུགས་པར་བྱེད་པ་ལས་འཁྲུལ་སོ་སེལ་ནུས།།

  ཕོ་ནད་དུག་ཐབས་དང་འཁྲུལ་སོ་བསལ་བ། ཕོ་ནད་དུག་ཐབས་ནི་མིད་པ་ན་ལ་བྲང་ཚ་བ་དང་ཆུ་ཚན་སྐྱུགས་ཅིང་། ཤ་སྐམ་པ་དང་གསུས་པའི་རྩ་བཀྲ་ལ་ཟོས་མ་ཐོག་ཏུ་སྐྱུགས་པ་ལས་འཁྲུལ་སོ་སེལ་ནུས།།

  ཕོ་ནད་སྨུག་པོ་དང་འཁྲུལ་སོ་བསལ་བ། ཕོ་མཆིན་གྱི་གནས་དང་རོ་རྒྱབ་སྦྲགས་ནས་ན་བ། ཁྱད་པར་དུ་ཟས་རྗེས་ན་ལ། ཆང་མི་འཕྲོད་པ། ཧ་ཅང་དྲོད་དྲགས་དང་རླན་གྲང་དུས་ན་ལྡང་བ། དྲི་མ་སྨུག་ལ་སྐམ་ཞིང་ཤ་རིད་འདྲ་བ་བཅས་ལས་འཁྲུལ་སོ་སེལ་ནུས།།

གོང་ངོས། མཁལ་རླུང་།
X