//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

རླུང་ནད་ཨ་ཝརྟ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 15:05:56 ཀློག་གྲངས། 66 

          རྣམ་པར་གྱུར་བའི་རླུང་ལུས་ཀུན་ཏུ་ཞུགས་ནས་གཞུ་ལྟར་སྒུར་བ་དང་ཕུག་རོན་ལྟར་འཁུན་པ། དྲན་པ་ཉམས་པ། དབུགས་འབྱིན་དཀའ་ཞིང་མིག་ཧར་བ་སོགས་འབྱུང་བའི་རླུང་ནད་ཅིག།

རྒྱུ་རྐྱེན།

       ཁ་བ་དང་ཡང་ལ་རྩུབ་པའི་རིགས་བསྟེན་དྲགས་པ། ཆགས་པས་དུབ་པ། ལྟོ་དང་གཉིད་ཆགས་པ། ལྟོ་སྟོང་ལུས་ངག་བྱ་བ་དྲག་ཤུལ་བྱས་པ། ཁྲག་མང་ཟག་པ་དང་འཁྲུ་སྐྱུགས་དྲག་པོས་བཏབ་པ། བསེར་བུས་བུས་པ་པ་དང་ངུས་པ། མྱ་ངན་དང་སེམས་ལས་ཡི་ལས་ཆེ་བ། བཅུད་མེད་པའི་ཁ་ཟས་ཡེན་ལ་གཏད་པ། བཤང་གཅི་ཤུགས་ཀྱིས་བཀག་པ་དང་ནན་གྱིས་བཙིར་བ་སོགས་ཀྱིས་སློང་བ།།

ནད་རྟགས།

      གཞུ་ལྟར་སྒུར་བ་དང་ཕུག་རོན་ལྟར་འཁུན་པ། དྲན་པ་ཉམས་པ། དབུགས་འབྱིན་དཀའ་ཞིང་མིག་ཧར་བ།

      རྩ་སྟོང་ལ་རྐྱལ་བ།

      ཆུ་མདོག་དཀར་ལ་སླ་བ་ལུ་མའི་ཆུ་དང་འདྲ་བ།

གཞོགས་འདེགས་བརྟག་དཔྱད།

      རླུང་ནད་ཨཝརྟ་ནི་རླུང་གིས་བསྒུར་བོར་བསྡུས་ལ་དྲན་མེད་གནས་བ་སོགས་ཀྱི་རྟགས་འབྱུང་བས་X-CR-DRའགྱེད་སྒྲ་བརྒལ་ལས་སྒལ་ཚིགས་འཁྱོག་པོར་གནས་ལ། སྙིང་པར་དུ་ལྡང་ཚད་དལ་བ། སྙིང་གི་ནུས་པ་ཞན་པ། རྒྱུན་ལྡན་གྱི་ཁྲག་པྲ་ལས་ཕྲ་ཕུང་དཀར་པོ་དང་ཕྲ་ཕུང་དམར་པོའི་ཚད་ཇེ་དམའ་དང་། ཀླད་པར་CT-བརྟག་དཔྱད་བྱས་པས་ཁྲག་འགག་པའམ་ཁྲག་བརྡོལ་བའི་སྣང་ཚུལ་མཆིས་པའང་ཡོད་ངེས།  

འཁྲུལ་སོ་བསལ་བ།

      རླུང་ནད་ད་རྒན་དང་ནང་གུག་ནི་སྐེ་བསྟུངས་བྲང་དུ་བསྡུས་ཏེ་རོ་སྟོད་འབུར་བ་ལས་འཁྲུལ་སོ་སེལ་ནུས།།

གོང་ངོས། ཕོ་རླུང་།
X