//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཁོང་ནད་ཀྱི་སྐོར། > ནང་དོན།

མ་ཞུ་བ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 17:05:17 ཀློག་གྲངས། 90 

གསོ་ཐབས།

  གསོ་ཚུལ།

   ཕོ་བའི་མེ་དྲོད་བསྐྱེད། བེ་སྣབས་བཞུ།

   བཅོས་ཐབས།

  ཟས། ཚ་སྐྱུར་ཤས་ཆེ་རིགས་སྤང་ཏེ་ཚ་གྲང་འདྲེས་བའི་རིགས་བསྟེན་ནས་ཕོ་བའི་མེ་དྲོད་བསྲུང་བ།

  སྤྱོད་ལམ། རྩོལ་དྲག་རིགས་སྤང་ནས་རྩོལ་བཅག་བསྟེན་པར་བྱ།

  སྨན། སྤྱི་ལ་ཞི་བྱེད་དྲུག་པ་དང་དཀར་པོ་དྲུག་སྦྱོར། བདུད་རྩི་རིལ་དཀར། ཞི་གསེར། དྭགསཔོ་སྨན་ནགདཀར་རུ། རུ་ཞི་སོགས་ནད་རྟགས་དང་བསྟུན་ནས་གཏོང་རྒྱུ་དང་། ན་ཟུག་ཆེ་སྐབས་ཞི་བྱེད་དྲུག་པ། སྦོས་འགྱངས་ཆེ་སྐབས་རུ་ཞི། སྐྱུག་མེར་ལངས་པ་དང་ཁ་ཏིག་ཁ་ན་ཞི་གསེར། སྒྲེག་པ་མང་ཞིང་འཇུ་སྟོབས་ཞན་སྐབས་རུ་རྟ་དྲུག་པ་དང་དཀར་རུ། དྭགས་པོ་སྨན་ནགམ་ཞུ་གྲང་བའི་རིགས་ལ་སྒ་རྒོད་དགུ་བ། མ་ཞུ་གསར་བའི་དུས་སུ་རྒྱམ་ཚྭའི་ཆིག་ཐང་ངམ་རྒྱམ་ཚྭ་བཞི་ཐང་། མ་ཞུ་རྙིང་པར་སེ་འབྲུ་ལྔ་བ་བསྟེན་རྒྱུ། མ་ཞུ་ཆུང་བའི་རིགས་ལ་ཟས་སྨྱུང་བར་གནས་ནས་བཀྲེས་པར་བྱ་བ་དང་། ནང་ནུབ་རྒྱམ་ཚྭའི་ཆུ་བསྐོལ་བཏུང་། འཇུ་དཀའ་ཞིང་གྲང་མོའི་རིགས་སྤང་། ཕྱེ་ཐུག་དང་ཉ་ཤ་ཟན་དྲོན་སོགས་ཡང་དྲོ་འཇུ་སླ་བའི་རིགས་ཉུང་ཤས་བསྟེན། སྤྱོད་ལམ་རླན་གྲང་དང་བསེར་བུ། ཉིན་གཉིད་ལོག་པ་རྣམས་སྤང་ལ་སྐམ་སར་ལུས་དྲོ་བར་བྱས་ཏེ་རྔུལ་ཐོན་ཙམ་གྱི་རྩོལ་བཅག་བྱ། མ་ཞུ་འབྲིང་ལ་རྒྱམ་ཚྭ་བཞི་ཐང་དང་མན་རྒྱུད་སེ་འབྲུ་དགུ་པ་དང་། སེ་འབྲུ་ལྔ་པ་སོགས་གང་འཕྲོད་བསྟེན་པ་དང་རྡོ་དང་སོ་ཕག་ཚྭ་སོགས་ཀྱི་དྲོད་དུགས་བྱ་ཞིང་། གཡུ་སྤྱང་གསའ་སོགས་ཀྱི་པགས་པའི་རྐེད་དཀྲིས་བཅིངས། མ་ཞུ་ཆེན་པོ་ལ་གོང་བཤད་རྒྱམ་ཚྭ་བཞི་ཐང་དང་མངོན་སུམ་མེ་འདྲ་དང་། སྒ་རྒོད་དགུ་པ་སོགས་བསྟེན།

  དཔྱད། སྨན་གྱིས་ཞུ་རྗེས་སྟོད་དུ་གནས་ན་སྐྱུགས་ཀྱིས་འདྲེན། སྨད་དུ་གནས་ན་ནི་རུ་ཧས་དྲངས། བར་དུ་གནས་ན་བཤལ་གྱིས་སྦྱངས་པ་སོགས་བྱ་ཞིང་། རྗེས་ལ་ཟས་སྤྱོད་ཉེས་ན་ནད་བསྐྱར་དུ་འཕེལ་ཉེན་ཆེ་བས་གོང་གི་རྐྱེན་སོགས་ཟས་སྤྱོད་ལ་གཟབ་པ་གནད་དུ་ཆེའོ། ། རྒྱུད་ལུང་མན་ངག་སྤྱི་དང་ཁྱད་པར་རང་གི་མཐོང་རྒྱུད་ཕྱག་ལེན་ལྟར་བཅོས་པར་བྱ།

ཕན་འབྲས་ཚད་གཞི།

  སངས་དྲག

   གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།

  སྐྱེད་ཆེ་བ།

   སྒྱིད་ལུག་ཅིང་ལུས་ལྕི་ལ་ཡི་ག་སྔར་ལས་ལྡོག་པ། དྲི་མ་འགགས་གམ་ཡང་ན་དུས་མིན་འབྱུང་པ། འོག་རླུང་ཐོན་དཀའ་བས་འཁྱིལ་ཞིང་ཁོང་པ་སྦོ་བ་དང་། སྐབས་སུ་འགྱིངས་རྗེས་བོངས་ཆེར་འཁྲུ་བ། དྭངས་མ་དང་སྙིགས་མ་འདྲེས་པས་བཤང་གཅི་ཞག་ཅན་འབྱུང་བ། ཁ་ཟས་གང་ཞིག་ཟོས་དུས་ན་ཞིང་སྒྲེག་པ། མགོ་བོ་ན་བ་སོགས་ཀྱི་བཅས་ཀྱི་ན་ལུགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་བ་དང་། རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་རང་མལ་དུ་ཚུད་པ།

  སྐྱེད་ཆུང་བ།

   ན་ལུགས་གཙོ་བོ་དེ་མ་ཞི་བ་དང་། ནད་རྟགས་འགའ་རེ་ཞི་ཡང་གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུར་འགྱུར་ལྡོག་ཆུང་བ།

  སྐྱེད་མེད་པ།

   ཕན་བསྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན།།

གོང་ངོས། ཡིག་ཆ་མི་འདུག
X