//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཁོང་ནད་ཀྱི་སྐོར། > ནང་དོན།

གློ་བའི་རྩ་སྐྲན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 17:18:51 ཀློག་གྲངས། 27 

   གློ་བའི་རྩ་སྐྲན་ནི་དྭངས་མ་མ་ཞུ་བའི་དབང་གིས་ངན་ཁྲག་ཏུ་གྱུར་ནས་གློ་བའི་གནས་སམ་རྩ་རྣམས་སུ་འགྲམས་པ་དེ་གནས་གཅིག་ཏུ་འདྲིལ་པའི་ནད་ཅིག་གོ།

རྒྱུ་རྐྱེན།

  དྭངས་མ་མ་ཞུ་བར་ངན་ཁྲག་རྒྱས་པ།

ནད་རྟགས།

  གློ་མང་ཞིང་འགོག་པ་དཀའ་བ་དང་། སྐད་འཛེར་ལ་ཤ་ལུས་སྔོ་ཞིང་སྐམ་པ། ཟོས་པའི་རྗེས་སུ་སྐྱུགས་པ།

  རྩ་ཞན་ཅིང་ཞར་བ་དང་ཁྱད་པར་དུ་གློ་བའི་རྩ་སྟོང་པར་ཆགས་པ་བཅས་ཡིན།

  ཆུ་ལ་སྐྲན་ཐིགས་ཉ་མིག་ལྟ་བུ་འབྱུང་བ།

  ལྕེ་མདོག་དམར་སྨུག་ཅན་ལ་དྲེག་པ་སྐྱ་སེར་མཐུག་པོ་ཆགས།

གཞོགས་འདེགས་བརྟག་དཔྱད།

  Xདང་CTགློག་པར་ལས་གློ་བའི་སྟེང་དུ་ནད་རོ་གོར་ཐིག་ཅུང་ཆེ་བར་མཐོང་ཐུབ་པ་དང་། ཡང་ན་ནད་རོ་ཆེ་དྲག་པས་གློ་བ་མནན་ནས་འཕྲུལ་ཆས་ཀྱི་བརྟག་མི་ནུས་པ། ལུད་པ་རྒྱུན་ལྡན་མིན་པར་སྐབས་སུ་ཁྲག་འདྲེས་པ། ཚི་སྣའི་གློ་ཡུའི་ཡན་ལག་ཤེལ་ལས་ཕུང་གྲུབ་བླངས་ནས་བརྟག་དཔྱད་བྱེད་པ།

འཁྲུལ་སོ་བསལ་ཐབས།

   གློ་གཅོང་དང་འཁྲུལ་སོ་བསལ་བ། ཤ་སྐེམ་ཞིང་ཤེད་ཆུང་ལ་འགུལ་སྐྱོད་བྱེད་མི་ནུས་ཤིང་གློ་མིག་ཏུ་ལུད་པ་འདྲིལ་ཕྱིར་བྱི་ལའི་མགུལ་འདྲ་བར་ངར་ངར་ཟེར་ཞིང་ཟས་སྨན་ལ་ཕན་སྐྱེད་ཆུང་བ་ལས་འཁྲུལ་སོ་སེལ་ནུས་སོ། །

  གློ་ནད་བུང་ཚང་ཅན་དང་འཁྲུལ་སོ་བསལ་བ། གློ་ནད་བུང་ཚང་ཅན་ནི་ལུད་པ་ཤེ་རུལ་དང་རྣག་ཏུ་འབྱུང་བའམ་ཡང་ན་སྔོན་པོ་ཝུ་བ་ཅན་གྱི་གསེབ་ཏུ་ཉ་མིག་ལྟ་བུ་རྣག་དང་འདྲེས་པར་ལུ་བ།

X