//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཚ་བ་གཉན་རིམས་སྐོར། > ནང་དོན།

གཉན་རྒྱུ་གཟེར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 10:57:40 ཀློག་གྲངས། 16 

  གཉན་རྒྱུ་གཟེར་ནི་མཆིན་པའི་ཁྲག་གི་ཚད་པ་ཐུར་དུ་བབས་པ་ལས་གཉན་ནད་དང་ཆུ་སེར་མཁྲིས་ཚད་རྣམས་བསླང་བས་རྒྱུ་མ་གཟེར་ཞིང་འཁྲུ་བ་དང་སྐྱུག་པའམ། ཟས་སྤྱོད་མི་འཚམ་པས་ནད་སྲིན་འགོས་ཁྱབ་བྱུང་ཏེ། རྒྱུ་མར་གཉན་ཚད་རྒྱས་ནས་ན་ཟུག་ཆེན་པོ་སྐྱེས་པ་དང་ཡང་ཡང་མར་བཤལ་བའི་ནད་ཅིག་རེད།

རྒྱུ་རྐྱེན།

  ཟས་སྐོམ་བཙོག་པ་དང་གོམས་གཤིས་མེད་པའི་རིགས། རྗེན་པ་དང་འབྲས་བུ་མ་སྨིན་པ། ཤ་རུལ་དང་ཆང་སྐྱུར་རིགས་བསྟེན་པ་དང་ལྷག་པར་ཏུ་ནད་འབུ་འགོས་ཁྱབ་བྱུང་བ་སོགས་ཀྱིས་སློང་ཡོད་པ་རེད།

ནད་རྟགས།

  མགོ་དང་ཚིགས་གཞི་ན་བ། གྲང་ཤུམ་ལངས་པ། ཚ་བ་རྒྱས་པ། སྐོམ་ཚད་ཆེ་བ། རྒྱུ་ཞབས་ལ་མྱང་སྐབས་གནོན་ཟུག་ཡོད་པ།

  རྒྱུ་མར་གཟེར་ཟུག་གཏོང་བ། ཁྲག་དམར་བེ་སྣབས་ཅན་བཤལ་བ་དང་། བཤལ་ཐེབས་མང་ལ་བུངས་ཆུང་བ། ཡང་ཡང་བཤལ་སྙམ་བྱས་ནས་ན་ཟུག་གཏོང་བ། བཤལ་རྗེས་བདེ་སྙམ་བྱེད་པ། ཤ་གྲིམ་མཁྲེགས་པོ་ཆགས་པ་བཅས་ཡིན། ནད་ཚབས་ཆེ་སྐབས་གདོང་སྨུག་པོར་འགྲོ་བ།

  འཕར་རྩའི་རྒྱུ་བ་མགྱོགས་ལ་གྲིམས་པར་འཕར་བ།

  ཆུ་མདོག་དམར་སེར་ལ་ངོ་བོ་ཉོག་པ།

  ལྕེ་མདོག་དམར་སྨུག་ཅན་ལ་དྲེག་པ་མཐུག་པོས་གཡོགས་པ།

གཞོགས་འདེགས་བརྟག་དཔྱད།

  ཁྲག་པྲ་ལས་ཕྲ་ཕུང་དཀར་པོ་དང་བར་གཤིས་རྡོག་རིལ་ཕྲ་ཕུང་གི་ཚད་མཐོ་བ།

  ནད་གཞི་འདིའི་བཤང་བ་ཆུ་དང་འདྲ་བ། འབྱར་བག་གི་རང་བཞིན་དང་ལྡན་པ། ཡང་ན་ཁྲག་འདྲེས་པ་བཅས་ཡིན་ལ་ཕྲ་མཐོང་ཆེ་ཤེལ་ལས་བཤང་བའི་ཆར་ཕྲ་ཕུང་དཀར་པོ་དང་དམར་པོ་མང་བོར་གནས་པ་ཡོད།

  རྒྱུ་ཤེལ་ལས་བརྟག་དཔྱད་བྱས་ན་རྒྱུ་མའི་ངོས་སུ་ཁྲག་ཐིག་བཏོན་ཡོད་པ། རྒྱུ་མའི་རྩི་ལ་གཏོར་བརླག་བྱས་ཡོད་པ།

འཁྲུལ་སོ་བསལ་བ།

  རྒྱུ་འགགས་ཀྱི་ནད་དང་འཁྲུལ་སོ་བསལ་བ། རྒྱུ་ཞབས་ལ་ན་ཟུག་གཏོང་བ་དང་། ཚ་རྒྱག་པ། ཁ་སྐམ་པ། སྐོམ་དད་ཆེ་བ། ཞེ་མར་ལངས་པ་དང་དྲི་ངན་ཅན་སྐྱུག་པ། ཁོག་པ་སྦོས་པ་དང་གསུས་པའི་ཤ་གྲིམ་པ། ལྷག་པར་བཤང་བ་དང་འོག་རླུང་གཉིས་ཀ་མི་ཐོན་པ།

  རྒྱུ་ཚད་ཀྱི་ནད་དང་འཁྲུལ་སོ་བསལ་བ། རྒྱུ་མར་ན་ཟུག་གཏོང་བ་དང་། ཁོག་པ་བཤལ་ནས་བཤང་བ་ཆུ་ལྟར་སླ་བ། ཚབས་ཆེ་བར་འཁྲུ་བའི་ནང་བེ་སྣབས་དང་ཁྲག་འདྲེས་པ། ཚ་རྒྱག་པ། ཟས་ལ་དང་ག་མེད་པ། བཤལ་བ་དང་སྐྱུགས་པ་ཚབས་ཆེ་བའི་སྐབས་ལུས་སྟོབས་འཆོར་བ། པགས་པའི་ལྡེམ་ཤུགས་ཉམས་འགྲོ་བ།

གོང་ངོས། ཆམ་རིམས།
X