//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཚ་བ་གཉན་རིམས་སྐོར། > ནང་དོན།

འབྲུམ་བུ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 11:07:40 ཀློག་གྲངས། 33 

   འབྲུམ་བུའི་ངོ་བོ་ནི་ཚ་བ་ཆུ་སེར་ལ་བབས་ནས་ལུས་ཀུན་ཏུ་ཁྱབ་ཅིང་ཁྱད་པར་འབྲུམ་པ་རྣམས་རུས་རྐང་

དང་ལྷ་བ་གཏིང་ནས་སྐྱེ་བར་བྱེད་ཅིང་། ལུས་ཟུངས་ཐམས་ཅད་དུ་རྫོགས་པར་ཁྱབ་ཅིང་། ཐོར་པའམ་འབྲུམ་བུ་འོང་བས་དེའི་ཕྱིར་འབྲུམ་བུ་ཟེར།

རྒྱུ་རྐྱེན།

  དབྱར་དགུན་སྟོན་དཔྱིད་དེ་ནམ་ཟླ་དུས་བཞིའི་འབྱུང་བ་དམན་ལྷག་ལོག་པ་དང་། ལུས་ངག་གི་སྤྱོད་ལམ་དྲག་ཤུལ་བྱས་པའི་རིགས་དང་། ནད་དེས་ན་ནས་ཡུན་སོང་བའི་ནད་དྲིས་འགོས་པ་དང་། འབྱུང་པོའི་དུག་གྱི་ཟེར་ཕོག་པ་དང་། རྒྱུད་ལ་ཞེ་སྡང་དྲག་པོ་སྐྱེས་པས་ཁྲོ་བ་དང་། སེམས་ཞུམ་པའི་དབང་གིས་འཇིགས་སྐྲགས། ཡིད་སོགས་ལ་ལྷག་པར་འདོད་ཅིང་ཆགས་པའི་རྐྱེན་དང་། ཁ་ཟས་བསིལ་དྲོད་འགྲངས་ལྟོགས་སོགས་མ་སྙོམས་ཤིང་ལུས་ཁམས་དང་མི་མཐུན་པ་དེ་ཡི་དབང་གིས་འབྱུང་བ་འཁྲུགས་པས་འབྲུམ་བུའི་ནད་བསྐྱེད།

ནད་རྟགས།

   ཚིགས་གཞི་ན་ལ་གྲང་ཤུམ་བྱེད་ཅིང་ལུས་པོ་སྤྱིར་སྙོམ་པ་སྟེ་བྱ་བ་གང་ཡང་བྱེད་མི་འདོད་ཅིང་བརྗེད་ངེས་ཆེ་ལ་ཟས་ཀྱི་དང་ག་མི་བདེ་ཞིང་ཁ་ཁ་ཟ་ཟི་འོང་ལ་སྒྱིད་སྐྱུར་བ།

   ཁྱད་པར་དུ་མགོ་བོ་ན་ཞིང་གློ་བ་དང་སྙིང་བརྡུང་བ་སྟེ་འཕར་བ་དང་། མཁྲིས་པ་སྐྱུག་ཅིང་རུས་པ་དང་རྐང་འཆག་པ་སྙམ་སེམས་ཤིང་། དེ་ཡང་དང་པོ་མ་སྨིན་པའི་མངོན་ཚུལ་དེ་ལྟར་དུ་འབྱུང་ཞིང་བར་དུ་འབྲུམ་པ་རྣམས་ཕྱིར་ཐོན་པའི་སྐབས་ལ་བདེ་སྙམ་བྱེད།

   རྩ་རྒྱུད་ཕྲ་ཞིང་གཡོ་ལ་མགྱོགས་པ།

   ཆུའི་མདོག་ནི་དམར་སེར་སྐ་ལ་རྙོག་མ་ཅན།

   ལྕེ་མདོག་སྐྱ་བའི་སྟེང་དུ་རླུང་གི་འབྲུམ་པ་དམར་ཙིམ་འབྱུང་།

གཞོགས་འདེགས་བརྟག་དཔྱད།

   གློག་ཤེལ་ལས་འབྲུམ་བུའི་ནད་དུག་དབྱེ་འབྱེད་བྱེད་པ།

འཁྲུལ་སོ་བསལ་བ།

  སིབ་བུ་ནད་དང་འཁྲུལ་སོ་བསལ་བ། མིག་སྤྲིན་དམར་པོ་ཆགས་པ་དང་། མགོ་དང་ཚིགས་གཞི་ན་བ། ཚ་དྲོད་རྒྱག་པ། མིག་ཆུ་དང་སྣ་ཆུ་དོན་པ། མིག་གིས་འོད་མདངས་མི་འཁྱོག་པ། གློ་ལུ་བ། གྲང་ཤུམ་ལང་པ། ལྷག་པར་དུ་ན་ནས་ཉིན་གཉིས་དང་གསུམ་འགྲོ་སྐབས་ཁ་སྦུག་ནང་ལྡེབས་སུ་ཐོར་སིབ་དཀར་པོ་ཡོད་པ། སྐོམ་ཚད་ཆེ་ཞིང་ཟས་ལ་དང་ག་མེད་པ། སུན་སྣང་མེད་པ་བཅས་ཡིན།

  གཉན་གག་པ་དང་འཁྲུལ་སོ་བསལ་བ། ཚ་རྒྱག་པ་དང་། མགོ་དང་ཚིགས་གཞི་ན་བ། ལུས་ཡོངས་མི་བདེ་བ་དང་། གྲེ་བར་ན་ཟུག་གཏོང་བ། ལྕེའི་སྟེང་དུ་དྲེག་པ་མཐུག་པོ་ཆགས་པ། ལྷག་པར་རྐན་ཕུགས་དང་། གྲེ་བ། ལྕེ། མཆུ་ཏོ་བཅས་ཀྱི་ཐོར་བ་སྐྱེས་མས་ན་ཟུག་གཏོང་བ། གློ་མིག་འགགས་ནས་དབུགས་རྔུབ་གཏོང་དང་ཟས་མིད་དཀའ་བ།

X