//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཚ་བ་གཉན་རིམས་སྐོར། > ནང་དོན།

གློ་ཚད་གཟེར་ཐུང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 11:09:40 ཀློག་གྲངས། 15 

         གློ་ཚད་གཟེར་ཐུང་ནི་ནད་ཀྱི་རྟགས་ལས་བལྟས་ནས་བཏགས་པའི་གཉན་ནད་ལུས་སྟོད་དུ་ཤས་ཆེར་བབས་པ་ཞིག་སྟེ། ནད་དེས་ཟུག་གཟེར་གྱི་སྐད་ངན་ཤོར་བ་མང་བོ་འབྱུང་ཞིང་གཟེར་ཐག་ཐུང་ཐུང་ཡོད །

རྒྱུ་རྐྱེན།

      ལྷ་སྲིན་སྡེ་བརྒྱད་དང་ཀླུ་བཙན་མ་མོ་ལ་སོགས་པའི་དྲག་པོའི་གདོན་རིགས་དུས་ཀྱི་སྤྱོད་པ་ངན་པའམ་ལོག་པའི་སྤྱོད་པས་འཁྲུགས་པར་བྱ་བ་དང་། དུག་ཅན་གྱི་སྲིན་བུ་རྣམ་པ་བདུན་དུ་བཤད་པ་སྐད་ཅིག་ཙམ་ལ་མིའི་རོ་སྟོད་གློ་སྙིང་སོགས་ལ་རྒྱུ་བས་སྲིན་འཁྲུགས་ཏེ་ལུས་ཟུངས་བཟའ་བར་བྱེད་པ།

ནད་རྟགས།

       ལུས་ཐང་ཆད་པ་དང་དབུགས་མི་བདེ་བ། རོ་སྟོད་དང་བྲང་རྒྱབ་གཟེར་བར་ཁོང་ལྕི་བ། རྔུལ་ཁ་སྙི་བ། ཚ་བ་ཆེན་པོ་སྐྱེས་པ། སྙིང་མི་དགའ་བར་ཚིག་པ་ཟ་བ།

       སྣ་ཁྲག་འཛག་ཅིང་དཔུང་བ་དང་། སྒྲོག་རུས་ན་བ། ལུས་སྟོབས་ཤོར་བ། གཟི་མདངས་ཉམས་པ། དབུགས་སྣ་ཐུང་བའམ་ཧ་ཅང་རྒོད་པ། དུད་ཁུ་ལུ་ཞིང་འགྱུར་ལྡོག་མང་བ།

      རྩ་ནི་ཐུང་ཐུང་སྦུད་སྦུད་འཕར།

      ཆུ་མདོག་དམར་ལ་རླངས་པ་ཆེ་བར་དྲི་མ་དུགས།

      ལྕེ་མདོག་སྐྱ་སེར་ཡིན་པར་ལུད་པ་དམར་བ།

གཞོགས་འདེགས་བརྟག་དཔྱད།

སྤྱིར་བཏང་དུ་ཕྲ་ཕུང་དཀར་པོ་ཇེ་མཐོར་མི་འགྲོ་བར་ཇེ་དམའ་རུ་འགྲོ་བ་དང་། རྨེན་བུ་ཕྲ་ཕུང་ཇེ་ཉུང་དུ་འགྲོ་བ། Xགློག་པར་ལས་གློ་བར་ནག་ཐིག་ཆགས་པ།

འཁྲུལ་སོ་བསལ་བ།

      ཆམ་རིམསདང་འཁྲུལ་སོ་བསལ་བ། ཆམ་རིམས་ནི་སྤྱི་རྟགས་སུ་གློ་ཚ་རྒྱས་པའམ་གློ་བ་ན་བར་སྤྲིདཔ་མང་བ། གྲེ་མཚུལ་ཚ་ལ་སྣ་འགགས་པ། སྣ་ཆུ་རྒྱུན་དུ་འཛག་པར་མུར་འགྲམ་དང་། རུས་རྐང་སོགས་ན་བ། སྐབས་སུ་སྐད་འགགས་པར་མཆིལ་སྣབས་མང་བ། ལུད་པ་མང་ལ་དབུགས་མི་བདེ་བ། ལུས་ལྕི་བར་ཁ་ཟས་ཡི་ག་འཆུས་པ་སོགས་ཀྱི་མངོན་ཚུལ་ཡོད་པ།

     རྒྱས་ཚད་དང་འཁྲུལ་སོ་བསལ་བ། རྒྱས་ཚད་ནི་བད་ཀན་དང་། རླུང་སོགས་ནད་གཞན་གྱི་བསྡོངས་ཟླ་དང་བྲལ་ནས་ཚ་བ་རྐྱང་བའི་སྟོབས་ཆེས་ཆེར་རྒྱས་པ་དང་། ཚ་བ་དེས་ལུས་ཀྱི་ཟུངས་ལ་མེ་ལྟ་བུས་སྲེག་པར་བྱེད་ཕྱིར་རྒྱས་བའི་ཚ་བ་ཞེས་བྱའོ།

X