//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཚ་བ་གཉན་རིམས་སྐོར། > ནང་དོན།

གཉན་ཚད་ཀླད་གཟེར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 11:10:07 ཀློག་གྲངས། 30 

 གཉན་ཚད་མགོར་བབས་ནས་ཀླད་སྲིན་འཁྲུགས་པ་ཡིས་ཀླད་པ་གཟེར་ཞིང་འཕྲལ་དུ་སྲོག་འཕྲོག་པར་བྱེད་པའམ་བསྐྱུགས་ཤིང་དབང་བོ་མི་གསལ་བར་འཐིབ་པ་དང་། སྨྱོ་ལྐུགས་བརྒྱལ་བར་འགྱུར་བའི་ནད་དོ། །

རྒྱུ་རྐྱེན།

  ལྷ་སྲིན་སྡེ་བརྒྱད་དང་ཀླུ་བཙན་མ་མོ་ལ་སོགས་པའི་དྲག་པོའི་གདོན་རིགས་དུས་ཀྱི་སྤྱོད་པ་ངན་པའམ་ལོག་པའི་སྤྱོད་པས་འཁྲུགས་པར་བྱ་བ་དང་། དུག་ཅན་གྱི་སྲིན་བུ་རྣམ་པ་བདུན་དུ་བཤད་པ་ཀླད་པའི་རྒྱ་དར་རམ་སྐྱི་མོར་བབས་ནས་ཤེས་པ་འཐོམ་པར་བྱེད།

ནད་རྟགས།

  མུར་གོང་དང་ལྟག་པ་གཟེར་བ་དང་། མིག་རྩ་དམར་འཁྲུགས་མགོ་བོའི་འཕར་རྩ་འཁྱུགལུས་དང་སྤྱི་དང་ཁྱད་པར་དུ་མགོར་ཚ་བ་ཆེ་བ། སྟོད་གཟེར་ཞིང་གློ་མང་འོང་བ་དང་། སྐྱུགས་མེར་ལངས་པ། ལྐོག་མ་བྲང་ལ་གཏུགས་ན་སྐད་ངན་ཤོར་བ། སྐེ་མཇིང་རྒྱུས་ཆེན་མནན་ན་ཟུག་གཟེར་ཆེ་བ། མིག་གི་རྒྱལ་མོ་འདལ་བ། སྣ་རིང་ལ་དུད་ཁུ་འདྲ་བ་སྐྱུགས་པ།

  འཕར་རྩའི་རྒྱུ་བ་ཕྲ་ལ་གྲིམས་པར་འཕར་བའོ།

  ཆུ་མདོག་དམར་སེར་ལ་དྲི་དང་རླངས་པ་ཆེ་བ་སོགས་ཀྱི་མངོན་ཚུལ་འབྱུང་བ།

  ལྕེ་མདོག་སེར་སྐྱ་སྨུག་པོ་ཆགས་པ།

གཞོགས་འདེགས་བརྟག་དཔྱད།

  མང་ཆེ་བར་Xགློག་པར་ལས་གློ་བར་གཅོང་ནད་ཡོད་པ།

  ཁྲག་པྲ་ལས་ཕྲ་ཕུང་དཀར་པོ་དང་བར་གཤིས་རྡོག་རིལ་ཕྲ་ཕུང་གི་ཚད་ཅུང་མཐོ་བ། ཟུངས་ཁྲག་ཞན་པ།

  འདུས་འདྲིལ་སྲིན་རྒྱུ་ཚོད་ལྟ་གདགས་གཤིས་ཡིན་པ།

  ཁྲག་འབྱིང་གི་ཚད་མཐོ་བ།

འཁྲུལ་སོ་བསལ་བ།

  གཉན་འཛུམ་བུ་ལྟག་དགྱེ་དང་འཁྲུལ་སོ་བསལ་བ། སྙིང་མི་དགའ་ལ་ལུས་སྟོབས་འཕྲལ་དུ་ཤོར་བ། དྲི་ཆུ་ཁྲག་གམ་མར་ནག་ལྟ་བུར་འབྱུང་བ། བཟུང་བས་མི་ཐུབ་པར་ལྟག་པ་དགྱེད་དགྱེད་འགྲོ་བ།

  གཟའ་ནད་དང་འཁྲུལ་སོ་བསལ་བ། གཟའ་རྒྱུ་དུས་སུ་འཛིན་པ་དང་གཞོགས་བཤལ་མིག་རྩ་གྲུང་བ་དང་། ཁ་ལྐུགས་ཁ་སླེ་ངུ་དང་དགོད་པར་བྱེད།

X