//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཚ་བ་གཉན་རིམས་སྐོར། > ནང་དོན།

འཛུམ་བུ་ལྟག་དགྱེ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 11:10:43 ཀློག་གྲངས། 13 

   གཉན་འཛུམ་བུ་ལྟག་དགྱེ་ནི་གཉན་རིམས་རྒྱུངས་པ་ལ་བབས་ནས་ལྟག་པ་དགྱེ་ཞིང་ཁ་འཛུམ་འཚེར་རེར་སྡོད་པ་དང་། ཁ་དང་བཤང་ལམ་ལས་འགོས་ཁྱབ་འབྱུང་ཤས་ཆེ་བའི་གཉན་རིམས་ཀྱི་ནད་དོ། །

རྒྱུ་རྐྱེན།

  བསྟན་པའི་རྣམ་གཞག་ལས་ལྔ་བརྒྱ་ཐ་མའི་དུས་སུ་མི་རྣམས་རང་བདེ་འདོད་པའི་དབང་གིས་དམ་པའི་ལམ་ལས་ལོག་པ་མི་དགེ་བ་བཅུ་སོགས་སྤྱོད་པ་དང་། སྲོག་གཅོད་ཤ་ཁྲག་འབགས་བཙོག་གི་ལས་བྱེད་པ་དར་བ། དེའི་དུས་སུ་སྲིད་པ་སྐྱེ་འཇིག་ལ་དབང་བའི་མ་མོ་དང་རྫུན་འཕྲུལ་གྱིས་མཁའ་ལ་འགྲོ་བ་ཀུན་འཁྲུགས་ཏེ་རིམས་ནད་གྲངས་གྱིས་མི་ལངས་བ་འབྱུང་བ་དང་། ནམ་ཟླ་དུས་བཞིའི་འབྱུང་བ་དམན་ལྷག་ལོག་པར་ལུས་ངག་གི་སྤྱོད་ལམ་དྲག་ཤུལ་བྱས་པ་དང་། འབྱུང་བོའི་དུག་གྱི་ཟེར་ཕོག་པ། ནད་དེས་ན་ནས་ཡུན་ལོན་པའི་ནད་དྲིས་ཕོག་པ་བཅས་འབྱུང་བ་འཁྲུགས་པས་རིམས་སུ་བྱུང་བ།

ནད་རྟགས།

  སྙིང་མི་འགའ་ལ་འཕྲལ་དུ་ལུས་སྟོབས་འཆོར་བ། འཛུམ་དང་བཅས་བཟུང་བས་མི་ཐུབ་པར་ལྟག་པ་དགྱེད་དགྱེད་འགྲོ་བ།

  རྩ་ནི་གྲིམས་ཞིང་ཕྲ་ལ་སྤུན།

  དྲི་ཆུ་ཁྲག་གམ་མར་ནག་ལྟ་བུར་འབྱུང་བ། རླངས་པ་ཆེ། སྐབས་སུ་རྩ་ཆུ་འཆོལ་བས་ངེས་པ་མེད་པར་ངོས་བཟུང་དཀའ།

  ལྕེ་མདོག་སེར་པོ་ཆགས་པ།

གཞོགས་འདེགས་བརྟག་དཔྱད།

  བཤང་བར་གཉན་ནད་ཀྱི་ནད་དུག་དབྱེ་འབྱེད་བྱེད་ཐུབ་པ།

  ཀླད་ཆུ་དང་དངས་ཁྲག་ལས་དམིགས་བསལ་རང་བཞིན་གྱི་འགོག་གཟུགས་IgGདང་IgMབརྟག་ཐུབ་པ།

འཁྲུལ་སོ་བསལ་བ།

  ཆམ་རིམས་དང་འཁྲུལ་སོ་བསལ་བ། ཆམ་རིམས་ནི་སྤྱི་རྟགས་སུ་གློ་ཚ་རྒྱས་པའམ་གློ་བ་ན་བར་སྤྲིད་པ་མང་བ། གྲེ་མཚུལ་ཚ་ལ་སྣ་འགགས་པ། སྣ་ཆུ་རྒྱུན་དུ་འཛག་པར་མུར་འགྲམ་དང་། རུས་རྐང་སོགས་ན་བ། སྐབས་སུ་སྐད་འགགས་པར་མཆིལ་སྣབས་མང་བ། ལུད་པ་མང་ལ་དབུགས་མི་བདེ་བ། ལུས་ལྕི་བར་ཁ་ཟས་ཡི་ག་འཆུས་པ་སོགས་ཀྱི་མངོན་ཚུལ་ཡོད་པ།

  གཉན་རིམས་ཀླད་གཟེར་དང་འཁྲུལ་སོ་བསལ་བ། མུར་གོང་དང་ལྟག་པ་གཟེར་བ་དང་། མིག་རྩ་དམར་འཁྲུགས་མགོ་བོའི་འཕར་རྩ་འཁྱུག ལུས་དང་སྤྱི་དང་ཁྱད་པར་དུ་མགོར་ཚ་བ་ཆེ་བ། སྟོད་གཟེར་ཞིང་གློ་མང་འོང་བ་དང་། སྐྱུགས་མེར་ལངས་པ། ལྐོག་མ་བྲང་ལ་གཏུགས་ན་སྐད་ངན་ཤོར་བ། སྐེ་མཇིང་རྒྱུས་ཆེན་མནན་ན་ཟུག་གཟེར་ཆེ་བ། མིག་གི་རྒྱལ་མོ་འདལ་བ། སྣ་རིང་ལ་དུད་ཁུ་འདྲ་བ་སྐྱུགས་པ།

X