//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཚ་བ་གཉན་རིམས་སྐོར། > ནང་དོན།

སིབ་བིའི་ནད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 11:11:13 ཀློག་གྲངས། 29 

 སིབ་བིའི་ནད་ནི་ནད་སྲིན་འགོས་ཁྱབ་བྱུང་སྟེ་ལུས་ཁམས་ཀྱི་ཁྲག་དང་ཆུ་སེར་ལ་གཉན་ཚད་བབས་ནས་ལུས་ཡོངས་ལ་ཐོར་བ་དམར་པོ་སིབ་སིབ་དོན་པར་ལུས་བརྩེ་ཞིང་མགོ་དང་རྐང་ལག་ན་བ། ཆམ་པ་བྱུང་བ་དང་འདྲ་བའི་ནད་ཅིག་གོ།

རྒྱུ་རྐྱེན།

 རྒྱུ་ནི་རིམས་ཚད་སྤྱི་དང་འདྲ་བ ། ཁྱད་པར་དུ་ལུས་ལ་གནས་པའི་ཆུ་སེར་དང་ཁྲག་གི་སྟེང་དུ་གཉན་དང་ཚད་པ་བབས་པ།

ནད་རྟགས།

 ལུས་ལ་འབྲུམ་པ་ཆུང་ངུས་ཁྱབ་པ་དང་། མགོ་དང་རྐེད་པ་ཚིགས་གཞི་ན་བ། གློ་དང་སྦྲིད་པ་འབྱུང་ཞིང་ཆམ་པ་དང་འདྲ་བ། བརྩེ་ཞིང་གྲང་ཤུམ་བྱེད་ལ་ཤ་སུབས་འཁྱུག་པ། སྲོད་ལ་ཤ་ཚ་ཞིང་རྨི་ལམ་ཟ་ཟི་མང་བ།

 འཕར་རྩ་ཕྲ་ལ་མགྱོགས་པར་གཏིང་ན་རྒྱུ་བ། འགྱུར་ལྡོག་ཆེ་བ།

 ཆུ་མདོག་དམར་སེར་ཉོག་པ་ཅན་འབྱུང་བའོ།

 ལྕེའི་སྟེང་དུ་མདོག་སྐྱ་སེར་ཆགས་པ།

གཞོགས་འདེགས་བརྟག་དཔྱད།

  ཚ་བ་རྒྱག་པ་དང་འོད་ཆེ་སར་ལྟ་མི་ཐུབ་པ། མིག་དམར་ཞིང་མཆི་མ་འཛག་པ། ལུས་ཡོངས་སུ་འབྲུམ་ཕྲན་དམར་པོས་བཀང་བ། ཁྲག་པྲ་ལས་ཕྲ་ཕུང་དཀར་པོ་ཇེ་མཐོ་ཡིན་པ། བར་གཤིས་རྡོག་རིལ་ཕྲ་ཕུང་ཇེ་དམའ་ཡིན་པ།

འཁྲུལ་སོ་བསལ་བ།

 ཆམ་རིམས་དང་འཁྲུལ་སོ་བསལ་བ། ཆམ་རིམས་ནི་སྤྱི་རྟགས་སུ་གློ་ཚ་རྒྱས་པའམ་གློ་བ་ན་བར་སྤྲིདཔ་མང་བ། གྲེ་མཚུལ་ཚ་ལ་སྣ་འགགས་པ། སྣ་ཆུ་རྒྱུན་དུ་འཛག་པར་མུར་འགྲམ་དང་། རུས་རྐང་སོགས་ན་བ། སྐབས་སུ་སྐད་འགགས་པར་མཆིལ་སྣབས་མང་བ། ལུད་པ་མང་ལ་དབུགས་མི་བདེ་བ། ལུས་ལྕི་བར་ཁ་ཟས་ཡི་ག་འཆུས་པ་སོགས་ཀྱི་མངོན་ཚུལ་ཡོད་པ།

 རྙོགས་ཚད་དང་འཁྲུལ་སོ་བསལ་བ། རྙོགས་ཚད་ཀྱི་ངོ་བོ་ནིརླུང་ཁྲག་ཆུ་སེར་གསུམ་དུ་འདུས་པའི་ནད་ཡིན་ཏེ། རླུང་གིས་ཁྲག་གཡོས་ཏེ་ཆུ་སེར་བསྐྱེད་ནས་རླུང་ཁྲག་ཆུ་གསུམ་ཆུ་མིག་རྙོགས་པའམ་བྱེ་ཆབ་གཡོས་པ་ལྟར་གྱུར་ནས་ལུས་ཁམས་ལ་ཆུ་སེར་རྒྱས་པ་དེར་ཟེར་པ་ཡིན།

X