//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ལུས་སྟོད་ནད་ཀྱི་སྐོར། > ནང་དོན།

སྣ་བསུབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 11:49:55 ཀློག་གྲངས། 26 

སྣ་སུབས་ཀྱི་ནད་ནི་སྣ་ཡི་ནང་ངོས་ཀྱི་སྐྱི་པགས་ལ་གཉན་ཁ་རྒྱས་ཏེ་སྐྲངས་སྦོས་ཆགས་ནས་སྣ་འགགས་པའི་ནད་ཅིག་གོ

རྒྱུ་རྐྱེན།

ཟས་སྤྱོད་མི་འཚམ་པ་དང་། ཐལ་རྡུལ་འབག་བཙོག་གི་རིགས་སྣར་ཤོར་བ། ཆམ་པ་ཕོག་པ་སོགས་ཀྱིས་སློང་བ་རེད།

ནད་རྟགས།

      སྣ་བུག་ནང་དབུགས་ཀྱི་རྒྱུ་བ་འགགས་ཤིང་། སྣ་ཆུ་ཉོག་པ་འཛགས་པ། སྣ་བུག་རེས་མོས་སུ་འཚང་བ། མགོ་དང་གདོང་པ་ལྕི་ཞིང་ན་བ། སྣས་དྲི་མི་ཚོར་བ།

      ནད་རྙིང་པར་གྱུར་ཚེ་སྣ་བུག་ནས་རྣག་དང་ཆུ་སེར་འཛག་པ་དང་། དབུགས་འཚུབ་ཅིང་། མཚུལ་པ་ནས་ཤུ་ཤུལ་ཟེར་བའི་སྒྲ་འདོན་པ་སོགས་ཀྱི་མངོན་ཚུལ་ཡོད་།

      རྩ་རྒྱུད་གྲིམས་ལ་མགྱོགས་པར་འཕར་བ།

      ཆུ་དམར་སེར་ཡིན་ལ་ངོ་བོ་ཉོག་པ།

        ལྕེ་དམར་འཇམ།

གཞོགས་འདེགས་བརྟག་དཔྱད།

      སྣ་ཡི་ནང་ངོས་ཀྱི་སྐྱི་པགས་ལ་སྐྲངས་སྦོས་ཆགས་པ་མཐོང་ཐུབ།

འཁྲུལ་སོ་བསལ་བ།

      སྣ་ནད་ཤ་ལུའི་རྟགས་སུ་སྣ་ནང་དུ་ཤ་ལྷག་སྐྱེས་ནས་སྣ་འགགས་ཤིང་། དབུགས་འབྱིན་རྔུབ་དཀའ་བ། སྣ་གདོང་དང་མགོ་བོ་གཟེར་བ། སྣ་ཆུ་གར་ལ་ཉོག་མ་ཅན་འཛག་པའོ། སྣ་ནད་འབྲུམ་ཐོར་ལ་སྣ་ཡི་ནང་ངོས་དང་སྣ་སྒོ། སྣ་གཤོག་སོགས་ཀྱི་གནས་སུ་དམར་སྐྲངས་ཆགས་ནས་རྨ་ཤུ་འབྱུང་བ་དང་། ན་ཟུག་གཏོང་བ། ཆུ་སེར་འཛག་པ། མགོ་ན་བའོ།

གོང་ངོས། ཡ་མ་ནག་པོ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X