//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ལུས་སྟོད་ནད་ཀྱི་སྐོར། > ནང་དོན།

ལྦ་བའི་ནད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 11:50:19 ཀློག་གྲངས། 47 

 ལྦ་བའི་ནད་ནི་གཙོ་བོ་དབྱིབས་ལ་བལྟས་ནས་བཏགས་པ་སྟེ་སྐེའི་མདུན་ངོས་སུ་སྐྱེས་པའི་ཤ་ལྷག་གི་མིང་སྟེ། ནད་འདི་གཙོ་བོ་ལྦ་ཚ་སོགས་འཚོ་བཅུད་མི་འདང་བའི་ས་གནས་ཁག་ལ་དམིགས་བསལ་གྱིས་ཁྱབ་གདལ་ཡོང་བར་མ་ཟད། གཞོན་ནུ་དང་དར་མའི་སྐབས་སུ་ཕོག་སླ་བ་དང་། སྐྱེས་བ་ལས་བུད་མེད་ལ་ཕོག་མང་བའི་ནད་ཅིག་རེད།

རྒྱུ་རྐྱེན།

      འཚོ་བཅུད་མི་འདང་བ་དང་། ས་ཆུ། རྩི་ཤིང་། ལོ་ཏོག་སོགས་ཀྱི་རྒྱུ་རྐྱེན་ཅི་རིགས་ལ་བརྟེན་ནས་ལྦ་བ་བྱུང་བ་ཡིན།

ནད་རྟགས།

       རླུང་ཤས་ཆེ་བའི་ལྦ་བ་ནི་འབར་འབུར་མང་ལ་ཁོང་སྟོང་ཡིན་པ་དང་། མཁྲིས་ཤས་ཆེ་པའི་ལྦ་བ་ནི་ཆུང་ལ་ལག་པས་ཕུར་ན་སྙི་མོ་ཡིན་པ། བད་ཀན་ཤས་ཆེ་བའི་ལྦ་བ་ནི་མཁྲེགས་ལ་སྐྱེས་དལ་བ།

      ཁྲག་ཤས་ཆེ་པའི་ལྦ་བ་ནི་སྐྱེས་ཆེ་ཞིང་སྐད་འཛེར་བ། ཚིལ་ལྦ་ནི་སྐེ་འགགས་པ་དང་ཆེ་ཆུང་སྐྱེ་འབྲི་ཆེ་བ་འབྱུང་། འདུས་ལྦ་ནི་འཕེལ་ཆེ་བས་ནང་དུ་དབུགས་སུབ་ཅིང་ངར་ངར་ཟེར་བའི་སྒྲ་འབྱུང་། གཡང་ལྦ་ནི་བདེ་ལ་དབྱིབས་ལེགས་པ། བྱུར་ལྦ་ནི་ནད་པ་རང་མི་བདེ་ཞིང་གཞན་གྱིས་སྣང་ངོར་བཞིན་མི་སྡུག་པ།

      རྩ་རྒྱུད་སྦོམ་ལ་སྟོང་བར་འཕར།

      དྲི་ཆུ་མདོག་དམར་སེར་གྱི་ཤས་ཆེ་ལ་ལྦུ་བ་ཆེ། ཀུ་ཡ་དང་སྤྲུས་མ་ཅུང་མཐུག

      ལྕེ་དམར་ལ་རྩུབ།

གཞོགས་འདེགས་བརྟག་དཔྱད།

      འདི་ལ་དེང་རབས་ཀྱི་ཁྲག་པྲ་ལསT3T4རྒྱུན་ལྡན་ལས་ཇེ་མཐོ་དང་། སྙིང་རིས་ལས་སྙིང་གི་འཕར་རྒྱུན་མགྱོགས་པར་སྣང་།

འཁྲུལ་སོ་བསལ་བ།

      རླུང་ལྦ་ནི་འབར་འབུར་མང་ལ་ཁོང་སྟོང་ཡིན་པ་དང་། མཁྲིས་ལྦ་ནི་ཆུང་ལ་ལག་པས་ཕུར་ན་སྙི་མོ་ཡིན་པ། བད་ཀན་ཤས་ཆེ་པའི་ལྦ་བ་ནི་མཁྲེགས་པོ་ཡོད་ལ་འཚར་སྐྱེས་བྱེད་དལ་བ། ཁྲག་ལྦ་ནི་སྐྱེས་ཆེ་ཞིང་སྐད་འཛེར་བ། ཚིལ་ལྦ་ནི་སྐེ་འགགས་པ་དང་ཆེ་ཆུང་སྐྱེ་འབྲི་ཆེ་བ་འབྱུང་། འདུས་ལྦ་ནི་འཕེལ་ཆེ་བས་ནང་དུ་དབུགས་སུབ་ཅིང་ངར་ངར་ཟེར་བའི་སྒྲ་འབྱུང་། གཡང་ལྦ་ནི་བདེ་ལ་དབྱིབས་ལེགས་པ། བྱུར་ལྦ་ནི་ནད་པ་རང་མི་བདེ་ཞིང་གཞན་གྱི་སྣང་ངོར་བཞིན་མི་སྡུག་པ་ཡིན་པས་འཁྲུལ་སོ་བསལ་ཐུབ།

གོང་ངོས། སྣ་བསུབས།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X