//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དོན་སྣོད་གྱི་སྐོར། > ནང་དོན།

སྙིང་ནད་ཁྲག་གཟེར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 14:58:26 ཀློག་གྲངས། 41 

གསོ་ཐབས།

  གསོ་ཚུལ།

   ན་ཟུག་གཅོག་པ་དང་ཁྲག་སྣུམ་སྟེ་བད་ཀན་འཇམ་འབྱར་གཅོད། ཁྲག་གི་འཁོར་རྒྱུན་བདེ་རུ་གཏོང་བ་བཅས་ཡིན།

  བཅོས་ཐབས།  

  ཟས། སྔོ་ཚོད་དང་ཟས་རིགས་གསར་བ། སིལ་ཏོག་སྣ་ཚོགས་བསྟེན་རྒྱུ། སྣུམ་རིགས་དང་ཆང་རག  ཐེངས་རེར་ཟས་ཟ་མང་བ་དང་ཟས་ཟོས་རྗེས་མྱུར་དུ་གཉིད་པ་སོགས་སྤང་བར་བྱ།

  སྤྱོད་ལམ། དྲོ་འཇམ་ཡིན་པའི་གནས་དམའ་ས་རུ་ཁམས་དྭངས་བའི་ངང་འདུག་པ། ནད་གཞི་ཚབས་ཆེ་ན་གཟའ་འཁོར་གཅིག་ལ་མ་འགུལ་བར་ཉལ་ནས་་འདུག་པ་དང་། དེ་ནས་གཟའ་ཁོར་གཅིག་ལ་མལ་ཁྲིའི་སྟེང་འགུལ་བསྐྱོད་བྱེད་པ། དེ་ནས་རིམ་བཞིན་ཁྱིམ་དུ་གོམ་པ་འགའ་བཅག་པ་དང་འོས་མཐུན་གྱི་ལུས་ཕུང་སྦྱོང་བརྡར་བྱ་དགོས། དུས་རྒྱུན་སེམས་ཁམས་འཁྲུགས་པ་སོགས་ལ་དོ་སྣང་བྱས་ནས་འོས་འཚམས་ཀྱི་སྩོལ་བཅག་བསྟེན་དགོས།

  སྨན། ཨ་གར་བརྒྱད་པ་དང་། བི་མ་ལ། སེ་འབྲུ་ལྔ་བ། སེ་འབྲུ་དྭངས་གནས། སྐྱུ་རུ་ཉེར་ལྔ། ཁྲག་འཁྲུགས་ཀུན་སེལ། ཨ་གར་ཉི་ཤུ་དང་ལུད་པར་ཁྲག་དོད་པ་དང་མཆིན་པ་ཆེར་རྒྱས་ན་གི་ཙན་ཟབ།

  དཔྱད། ཚིགས་པ་དྲུག་བདུན། དཀར་ནག་མཚམས་སོགས་མེ་་བཙའ་གདབ་པ་དང་། རྒྱུ་རྩ་གཏར་བ་བཅས་གསོ་བཅོས་གོ་རིམ་དང་ནད་བབ་ལ་སྦྱར་ནས་དུས་ཡུན་རིང་བོར་བཅོས་ན་ལེགས།

ཕན་འབྲས་ཚད་གཞི།

   སངས་དྲག

   གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།  

  སྐྱེད་ཆེ་བ།

   ལྕེ་སྐམ་ཞིང་ཕུར་བ་བཙུགས་པ་ལྟར་དུ་གཟེར་བ། འབུར་ཚུགས་སུ་བལྟ་ཞིང་རྔམ་པ་རྒོད་ལ་ཞེ་འཁུན་བྱེད་པ་བཅས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་ཞིང་། གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་རང་མལ་དུ་ཚུད་པ།

  སྐྱེད་ཆུང་བ།

  ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།

 སྐྱེདམེད་པ།

  ཕན་སྐྱེད་ཅི་ཡང་མ་བྱུང་བ་བའམ་ཇེ་སྡུག་ཏུ་ཕྱིན་པ།

གོང་ངོས། སྙིང་ཆུའི་ནད།
X