//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དོན་སྣོད་གྱི་སྐོར། > ནང་དོན།

གློ་ཚད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 15:01:17 ཀློག་གྲངས། 35 

 གློ་ཚད་ནི་ནམ་ཟླ་འམ་ཟས་སྤྱོད་དབང་གིས་ཁྲག་མཁྲིས་ཀྱི་འཁྲུགས་ཚད་གློ་ལ་བབས་པ་ལས་བྱུང་བའི་ནད་ཅིག་ཡིན།

རྒྱུ་རྐྱེན།

      ཚ་སྐྱུར་རུལ་སུངས་སུ་གྱུར་པའི་ཟས་སྐོམ་རིགས་བསྟེན་དྲགས་པ་དང་། དྲག་ཤུལ་གྱི་ལས་ཡུན་རིང་བྱས་ཏེ་ཁྲག་འཁྲུགས་པ། ལུས་ཁམས་ལ་ཚ་གྲང་འཐབ་པ། ཆམ་གཞུག་འགྲམས་པ་བཅས།

ནད་རྟགས།

      རོ་སྟོད་བརྒྱངས་ཤིང་ལུད་པ་ཚྭ་དྲོ་ཅན་ལྦུ་བ་ཆུང་ལ་སླ་ཞིང་མཁྲིས་པ་འོང་བ། ཚ་བ་རྒྱས་པ།

       སྔས་དམའ་ན་མི་བདེ་ཞིང་དབུགས་ཧལ་ཞིང་རྔུབ་དཀའ་བ། གློ་ལུ་བ། ལུད་པ་དམར་སེར་འོང་བ།

       རྩ་རྒྱུད། ཕྲ་ཞིང་གྲིམས་པར་འཕར་བ།

       དྲི་ཆུ། མདོག་དམར་སེར་ལ་ཀུ་ཡ་མཐུག་ཅིང་དྲི་རླངས་ཆེ་བ་དང་། ཝུ་བ་སངས་སྐྱེན་པ་སོགས་ཀྱི་མངོན་ཚུལ་འབྱུང་བ་ཡིན།

       ལྕེ་མདོག་སེར་ལ་རྩུབ་པ།

གཞོགས་འདེགས་བརྟག་དཔྱད།

འདི་ལ་དེང་རབས་ཀྱི་ཁྲག་པྲ་ལས་མང་ཆེ་བརWBC10W-LCR80%ཡན་ལ་ཐོན་པ། Xགློག་འོད་ལས་གློ་གཡས་གཡོན་གྱི་རི་མོ་ཇེ་སྦོམ་དུ་འགྲོ་བ་སོགས་ཀྱི་རྟགས་མངོན། དེ་མིན་ནད་བབས་ཀྱི་དགོས་མཁོར་གཞིགས་ནས་ འབྲེལ་ཡོད་ཀྱི་བརྟག་དཔྱད་བྱས་ཆོག

འཁྲུལ་སོ་བསལ་བ།

       གློ་ཆམ་དང་འཁྲུལ་སོ་བསལ་བ། དང་པོ་གྲེ་བ་ཚ་ཞིང་གཟེར་བ། བར་དུ་གློ་མང་ལ་མགོ་དང་བྲང་རྒྱབ་ན་བ་དང་། ཐ་མ་ལུད་པ་རྣག་ཏུ་ལུ་བ་ལས་འཁྲུལ་སོ་སེལ་ནུས།

       གློ་གཅོང་དང་འཁྲུལ་སོ་བསལ་བ། ཤ་སྐེམ་ཞིང་ཤེད་ཆུང་ལ་འགུལ་སྐྱོད་བྱེད་མི་ནུས་པར་གློ་མིག་ཏུ་ལུད་གཅོང་འདྲིལ་ཕྱིར་བྱི་ལའི་མགུལ་འདྲ་བར་ངར་ངར་ཟེར་བ་དང་ཟས་སྨན་ལ་ཕན་སྐྱེད་ཆུང་བ་ལས་འཁྲུལ་སོ་སེལ་ནུས།

X