//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དོན་སྣོད་གྱི་སྐོར། > ནང་དོན།

གློ་གཅོང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 15:01:54 ཀློག་གྲངས། 42 

གློ་གཅོང་གི་ནད་ནི་ཆམ་པ་འགྲམས་པ་དང་དྲག་ཤུལ་རྒྱུན་རིང་པོར་བྱས་པ་རྣམས་ཀྱིས་གློ་བར་ནད་བསྐྱེད་ནས་ཤ་སྐམ་པ་དང་ཤེད་ཆུང་དུ་ཕྱིན་པ། ཉམས་སྟོབས་ཟད་པ། རྔུལ་ཁ་སྙི་བ་བཅས་ཀྱི་རྟགས་མངོན་པ་དང་། ངོ་བོ་ཁྲག་གི་ལྡང་ཚད་དམའ་བར་གྱུར་པས་གློ་བའི་བརླན་ཁམས་ཚད་ལས་བྲི་སྟེ་གློ་བ་བསྐམས་ནས་ཇེ་ཆུང་དུ་སོང་བའི་རྐྱེན་གྱིས་དབུགས་ལམ་ཕྲ་མོར་གྱུར་པས་དབུགས་རྒྱུན་ཤིན་ཏུ་ཕྲ་མོར་གྱུར་པ་དེས་ལུས་ཀྱི་སྟོབས་ཇེ་ཞན་དུ་འགྲོ་བའི་ནད་ཅིག་ཡིན།

རྒྱུ་རྐྱེན།

      ཆམ་པ་ཕོག་ནས་མ་བཅོས་པའམ་བཅོས་འཕྱིས་པ། ཡང་ན་བཅོས་ཉེས་པ། གློ་གཅོང་གི་ནད་ཅན་གྱིས་རྐྱེན་པས་མཁའ་རླུང་བཙོག་པ་རྔུབ་པ་དང་། གློ་གཅོང་ཡོད་པའི་ནད་པས་ཕན་ཚུན་ཟས་སྤྱོད་འདྲེས་པ་སོགས་ཀྱིས་བསླངས་པ་རེད།

ནད་རྟགས།

        ལུས་ཤེད་ཉམས་པ་དང་། སྒྱིད་ལུག་པ། ཡི་ག་མེད་པ། འཇུ་སྟོབས་ཞན་པ། སྒོས་སུ་ཕྱི་དྲོ་དང་མཚན་མོ་ཚ་དྲོད་རྒྱག་པ། གློ་ལུ་བ་བཅས་ཀྱི་ནད་རྟགས་མངོན།

      གློ་ལུ་བ། རྔུལ་ཁ་སྙི་བ། མཚན་མོ་མལ་སའི་ནང་རྔུལ་ཆེན་པོ་བརྒྱབ་ནད་མལ་གོས་ཀྱང་ལུས་པོར་འབྱར་ཡོང་བ། བཞིན་མདངས་ཉམས་པ་དང་ཤ་རིམ་གྱིས་སྐམ་པ། འགུལ་བསྐྱོད་དཀའ་བ། དབུགས་སྣ་ཐུང་བ། ཡུན་རིང་ལོན་དུས་ལུད་པ་ཁྲག་ཅན་ནམ་རྣག་ཅན་འདོན་པ། ཟས་སྨན་ཕན་བསྐྱེད་ཆུང་བ། ནད་ཚབས་ཆེ་སྐབས་གློ་བར་ཁུང་བུ་བརྡོལ་བ་དང་གློ་བའི་རྩ་ཁ་ཤོར་ནས་ཁྲག་ལྦུ་བ་ཅན་འབོར་ཆེན་སྐྱུག་པ་སོགས་ཀྱི་མངོན་རྟགས་འབྱུང་། སྤྱིར་གློ་བ་ནི་བད་ཀན་ཡུལ་ཡིན་པས་དབྱར་དུས་བདེ་ལ་དགུན་དུས་ན་བ་དང་། ཉིན་པར་བདེ་ལ་མཚན་མོའི་དུས་སུ་ན་བ་ཡིན་ནོ། བུད་མེད་ལ་ཟླ་མཚན་ཆད་པའམ་མི་སྙོམས་པ་སོགས་ཀྱི་རྟགས་མངོན།

        འཕར་རྩའི་རྒྱུ་བ་ཕྲ་ལ་གྲིམས་ཤིང་མགྱོགས།

        ཆུ་མདོག་དམར་སེར་ཅན་ལ་ཀུ་ཡ་སྤྲིན་དང་འདྲ་བ།

        ལྕེ་མདོག་དམར་འཇམ་དྲེག་པ་དཀར་སྲབ་ཆགས་པ།

གཞོགས་འདེགས་བརྟག་དཔྱད།

      ལུས་དྲོད་ནད་སྟོབས་དང་བསྟུན་ནས་ཇེ་མཐོར་འགྲོ་བ་དང་ཁྲག་ཤེད་ཅུང་ཉམས་པ། ལུད་པར་བརྟག་ན་གློ་བའི་འདུས་འདྲིལ་གྱི་ནད་སྲིན་ཕྲ་མོ་མཐོང་ཐུབ། ལན་ཆས་ཀྱིས་བརྟག་དུས་གློ་དབུགས་འབྱིན་རྔུབ་ལས་བྱུང་བའི་སྒྲ་གདངས་ཞན་པ། བྲང་ངོས་ལས་གློ་བའི་ཧར་སྒྲ་ཉན་ཐུབ་པ། Xའཕྲོ་འོད་ཀྱིས་བརྟག་ན་ནད་ཀྱི་ངོ་བོ་དང་གནས་ཡུལ་མི་འདྲ་བས་ནད་གཟུགས་ཡང་ལེབ་མོའམ་ནར་མོ། ཡང་ན། ཁུང་བུ་རྡོལ་བ་སོགས་མི་འདྲ་བ་མང་བའི་རྟགས་མཚན་མངོན། CTབརྟག་དཔྱད་ལས་གསལ་བོར་མཐོང་ཐུབ། PPDཚོད་ལྟ་བྱེད་དུས་མདོག་དམར་སྐྲངས་ཆགས་པ། ཟ་འཕྲུག་ལངས་པ། ཁབ་ཤུལ་ཞིང་ཚད་10MMལས་ཆེ་ན་འདུས་འདྲིལ་གྱི་ནད་བྱུང་བ། ཁྲག་ལས་ESRནི་རྒྱུན་ལྡན་ལས་ཚད་ལས་བརྒལ་ན་ནད་འདི་མཆེད་ཅིང་རྒྱས་པའི་དུས་ཡིན།

འཁྲུལ་སོ་བསལ་བ།

        གློ་ཚད་དང་འཁྲུལ་སོ་བསལ་བ། རྩ་ཆུ་གཉིས་ཀར་ཚ་རྟགས་ཡོད་ལ་རོ་སྟོད་རྒྱངས་པ། ལུད་པ་ཚྭ་བྲོ་བ། ལུད་པའི་ནང་དུ་ལྦུ་བ་ཆུང་ཆུང་ཡོད་པ། སྐབས་འགར་ལུད་པའི་ནང་དུ་མཁྲིས་པའི་སེར་ཐིག་འོང་བ་ཡང་ཡོད། ལྷག་པར་སྟོན་ཀའི་དུས་དང་། དྲག་ཤུལ་གྱི་ལས་དང་། དྲོད་བཅུད་ལྡན་པའི་ཁ་ཟས་ཀྱིས་ཤིན་ཏུ་གནོད་པ་བཅས་ནི་ནད་འདིའི་ཐུན་མོང་མིན་པའི་ཁྱད་པར་གྱི་ནད་རྟགས་ཡིན།

        གཅོང་ཆེན་ཟད་བྱེད་དང་འཁྲུལ་སོ་བསལ་བ། མགོ་དང་རྐང་པ་དང་ཉི་མ་མི་བཟོད་པར་ལག་པ་དང་གོས་སོགས་འགེབས་པ། ཟ་འཐུང་དུས་གདོང་དང་ལུས་ལ་རྔུལ་འདུ་བ། རྨི་ལམ་ཟ་ཟི་རྨིས་པ། ལུད་པ་མང་བ། དབུགས་མི་བདེ་བ། ཕྲག་པ་དང་མགོ་ན་བ། སྐད་འགགས་པ། སྐབས་འགར་སྐྱུག་པ་དང་འཁྲུ་བ། རྟུག་པ་སྐམ་པ།

གོང་ངོས། གློ་ཚད།
X