//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དོན་སྣོད་གྱི་སྐོར། > ནང་དོན།

གློ་བ་སྐྱ་རྦབ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 15:02:40 ཀློག་གྲངས། 15 

གློ་བ་སྐྱ་རྦབ་ནི་ཁྲག་ལ་སོགས་པའི་དྭངས་མ་རྣམས་ལུས་ཟུངས་རང་གནས་སུ་མ་སྨིན་པར་ངན་ཁྲག་དང་ཆུ་སེར་རྒྱས་ཏེ་ཁྱབ་བྱེད་རླུང་གིས་ལུས་ཁམས་ལ་ཁྱབ་པར་གཏོར་ནས་གློ་བར་ཞུགས་པའི་ནད།།

རྒྱུ་རྐྱེན།

      གློ་ཚད་སོགས་ཀྱི་ནད་དུས་ཐོག་ཏུ་མ་བཅོས་པ། ཆམ་པ་འགྲམས་པ། རུལ་སྐྱུར་ཟོ་མར་གྱི་ཟས་བསྟེན་པ་དང་སྤྱོད་ལམ་དྲག་ཤུལ་རྣམས་ཀྱིས་བསྐྱེད།

ནད་རྟགས།

       གློ་མང་ཞིང་ལུད་པ་ཁྲག་ཅན་ལུ་བ།

       མིག་ལྕིབས། ངར་གདོང་། རྐང་བོལ་བཅས་གཡོ་ཞིང་སྐྲངས་པ། དང་ག་མི་བདེ་བ། མཆུ་དང་སོ་རྙིལ། སེན་མོ་སོགས་ཀྱི་བཀྲག་མདངས་ཤོར་བ།

       རྩ་རྒྱུད། ཕྲ་ལ་གཏིང་དུ་བྱིང་བར་འཕར།

       དྲི་ཆུ། མདོག་ཅུང་སེར་ལ་ཝུ་བ་ཆེ། ཀུ་ཡ་མཐུག

       ལྕེ། མདོག་དམར་ལ་དྲེག་པ་སྐྱ་སེར་སྲབ་མོ་ཆགས།

གཞོགས་འདེགས་བརྟག་དཔྱད།

      ནད་ལྡང་བའི་སྐབས་སུ་ཁྲག་པྲWBCདངW-LCRཇེ་མཐོ་འགྲོ་སྲིད། གློག་འོད་ལས་བྲང་ཁོག་ཆེར་འབྱེད་པ་དང་རྩིབ་བར་ཁོད་སྙོམས་པ། མཆིན་དྲི་མར་བབས་ཏེ་ངོས་དྲང་བར་འགྱུར་བ། གློ་བུ་གཉིས་ཀྱི་གསལ་ཚད་ཇེ་མཐོ་ཡིན་པ་སོགས་གཞོགས་བརྟག་ནད་བབས་དང་དགོས་མཁོར་གཞིགས་ནས་བརྟག་ཐབས་བྱས་ཆོག

འཁྲུལ་སོ་བསལ་བ།

      གློ་རླུང་དང་འཁྲུལ་སོ་བསལ་བ། མིག་ལྕིབས་སྐྲངས་པའི་ཆ་ནས་འདྲ་ཡང་གློ་རླུང་གཉིད་ཆུང་ལ་ལུད་པ་འགོག་དཀའ་བ་དང་ཐོན་ཡང་ཝུ་སོབ་ཅན་ལུ་བ། ལུས་བརྒྱངས་པ་ལྟར་ན་བ། སྐྱུགས་པ་དང་ནུབ་གློ་མང་བ།

      གློ་རྒྱས་དང་འཁྲུལ་སོ་བསལ་བ། གློ་བར་ཁྲག་ངན་རྒྱས་པ་ཡིན་པས་ནད་ཀྱི་འགྱུར་ཚུལ་གྱི་ཆ་ནས་གློ་ནད་སྐྱ་རྦབ་དང་ཆ་ཤས་ཙམ་འདྲ་མོད། གློ་རྒྱས་ནི་མིག་དམར་ཞིང་ལྕེ་མཆུ་མཁུར་ཚོས་སོགས་སྨུག་ལ་སྐད་འཛེར་བ་དང་སྟོད་བརྒྱངས་པ། དབུགས་ཐུང་རྔམ་པ་རྒོད་ཅིང་ལུད་པ་དམར་པོ་འོང་།

གོང་ངོས། གློ་གཅོང་།
X