//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དོན་སྣོད་གྱི་སྐོར། > ནང་དོན།

གློ་བ་སྐྱ་རྦབ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 15:02:40 ཀློག་གྲངས། 13 

གསོ་ཐབས།

       གསོ་ཚུལ།

      ཐོག་མར་རླུང་ཁ་གནོན་པ། བར་དུ་ནད་དངོས་གསོ་བ། མཇུག་ཏུ་ནད་རོ་འདོན་དགོས།

           བཅོས་ཐབས།

      ཟས། ཟས་ཚ་སྐྱུར་རིགས་སྤངས་ནས་འཇུ་སླ་བའི་ཟས་སྐོམ་བསྟེན།

      སྤྱོད་ལམ། བསིལ་དྲོད་སྙོམས་པའི་གནས་སུ་ལུས་མི་འཁྱགས་པར་དལ་བུར་སྡོད་པ།

      སྨན། སྟར་བུའི་ཛ་ཏི་སུག་སྨེལ་ཀ་ཀོ་ལ་ཤིང་མངར་ཨ་རུ་ལྕགས་ཕྱེ་སྦྲང་གིལྡེ་གུ་དང་། ཅུ་གང་གུར་གུམ་ལི་ཤི་སུག་སྨེལ་ཤིང་མངར་ཨ་རུ་ལྕགས་ཕྱེ་སྦྲང་གི་ལྡེ་གུ་གཏོང་།

      དཔྱད། བྱ་རོག་མིག་དང་ཚིགས་པ་ལྔ་བར་མེ་བཙས་བསྲེག་པར་བྱ། དེ་རྗེས་སྒང་རྩ་དང་དྲུག་འགོ་གཏར་བར་བྱ། །

ཕན་འབྲས་ཚད་གཞི།

སངས་དྲག

གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།

       སྐྱེད་ཆེ་བ།

  གློ་མང་ཞིང་ལུད་པ་ཁྲག་ཅན་ལུ་བ། མིག་ལྕིབས། ངར་གདོང་། རྐང་བོལ་བཅས་གཡོ་ཞིང་སྐྲངས་པ། དང་ག་མི་བདེ་བ། མཆུ་དང་སོ་རྙིལ། སེན་མོ་སོགས་ཀྱི་བཀྲག་མདངས་ཤོར་བ་བཅས་ཀྱི་ན་ལུགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་ཞིང་། གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་རང་མལ་དུ་ཚུད་པ།

སྐྱེད་ཆུང་བ།

ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།

སྐྱེད་མེད་པ།

        ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།

གོང་ངོས། གློ་གཅོང་།
X