//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དོན་སྣོད་གྱི་སྐོར། > ནང་དོན།

མཆིན་ནད་དུག་ཐབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 15:08:46 ཀློག་གྲངས། 24 

   མཆིན་ནད་དུག་ཐབས་ནི་མཆིན་ཁམས་ཡོངས་ལ་ནད་འགྱུར་བྱུང་ནས་མཐར་མཆིན་པ་རུལ་ཏེ་ཁྲག་ཏུ་སྐྱུག་པའི་ནད་ཅིག་རེད།

རྒྱུ་རྐྱེན།

  ཁ་ཟས་ཚྭ་སྐྱུར་དང་བཅུད་ཅན། རུལ་སུངས། ཁྱད་པར་དུ་ཆང་རག་གི་རིགས་བསྟེན་དྲགས་པ། མཆིན་པར་ཚད་པ་ཡུན་རིང་རྒྱས་བ། མཆིན་པ་སྨུག་པོ་སོགས་ལས་བྱུང་བ།

ནད་རྟགས།

  མིག་སྤྲིན་དམར་ཞིང་གདོང་མདོག་སྔོ་བ། ཕོ་མཆིན་གྱིས་ཁོང་བ་གང་སྙམ་སེམས་པ། རྩིབས་མ་གཡས་བའི་ཐད་དུ་གཟེར་ཟུག་ཆེ་བ། ཁ་ཟས་ཅི་ཟས་འཇུ་དཀའ་ལ་ཟས་ཐོག་ན་བ། རྐང་བོལ་གཡོ་བ། མུར་གོང་དང་མཐིལ་བཞི་སེར་བོར་གྱུར་པ། བཤང་བ་སྐེམ་པ། ནད་རྙིང་ཡུན་ལོན་ཚེ་མཆིན་པ་རུལ་ནས་དུད་ཁུ་འདྲ་བ་ལུ་སྐྱུག་བྱེད་པ། མར་བཤལ་བ། མཆིན་པ་འཁུམས་ནས་ཆུང་དུ་འགྲོ་བ། དྲན་པ་ཐོར་བ།

  རྩ་རྒྱུད་ཕྲ་ཞིང་མགྱོགས་ལ་ཀན་རྩ་གྲིམས་པ།

  ལྕེ་མདོག་དམར་ལ་དྲེག་པ་སེར་ཙམ་ཆགས་པ།

  ཆུ་མདོག་དམར་སེར་སྤྲིས་མ་ཞག་འདྲ་ཆགས་པ།

གཞོགས་འདེགས་བརྟག་དཔྱད།

    Bའཕྲོ་ལས་མཆིན་པ་འཁུམས་ནས་ཆུང་དུ་འགྲོ་བ། མཆིན་པའི་ནུས་བ་ཉམས་པ་མངོན། མཆིན་པའི་ནུས་པ་ལས་ALTདང་ASTསོགས་ཇེ་མཐོར་ཡིན་པ། Bའཕྲོ་ལས་མཆིན་པའི་ཆེ་ཆུང་དང་། དབྱིབས། མཆེར་བ་ཆེར་སྐྲངས་ཡོད་མེད་སོགས་ལ་བརྟགས་ནས་ངོས་འཛིན་བྱ་དགོས། ཁྲག་པྲ་ལས་ཆ་ཤས་ཁྲག་དཀག་གདོད་རྩབས་སྐུལ་བྱེད་དུས་ཚོད་ཇེ་རིང་ཡིན་པ། ཁྲག་ལབ་ཆུང་བ་རྒྱུན་ཚད་ལས་དམའ་བ།

འཁྲུལ་སོ་བསལ་བ།

   མཁལ་མ་འོར་ལྷུང་ལ་རྐང་བོལ་སྐྲངས་འདྲ་ཡང་གཙོ་བོར་མཁལ་རྐེད་དུ་གཟེར་བ། ནངས་མོ་ངོ་གདོང་སྐྲངས་པ། ཆུ་སྙི་བ་སོགས་ནད་རྟགས་ཁྱད་པར་ཅན་ལས་འཁྲུལ་བ་སེལ་ཐུབ།

X