//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དོན་སྣོད་གྱི་སྐོར། > ནང་དོན།

མཆིན་ནད་གཞུང་རེངས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 15:10:24 ཀློག་གྲངས། 17 

  མཆིན་ནད་གཞུང་རེངས་ཞེས་པ་ནི་མཆིན་པའི་རྩར་ཁྲག་ཚ་བ་ཞུགས་ནས་སྒལ་གཞུང་དང་རྐང་ལག་ཤིང་ལྟར་རེངས་པར་གྱུར་པ་ལ་་ཟེར།

རྒྱུ་རྐྱེན།

   ཟས་སུ་ཚྭ་སྐྱུར་རིགས་བསྟེན་དྲགས་པ། མ་ཞུ་བ་བྱུང་བ། ཆང་མང་འཐུངས་པ། དྲག་ཤུལ་བྱས་པ་སོགས་ལས་བྱུང་།

ནད་རྟགས།

  སྒལ་གཞུང་དང་རྐང་ལག་ཤིང་ལྟར་རེངས་པ། ལྷུ་ཚིགས་དག་ན་བ། དགྱེ་སྒུར་མི་ཐུབ་པ། རོ་སྟོད་གཟེར་ཞིང་ལྟག་པ་དགྱེ་དཀའ་བ།

  རྩ་འབུར་ལ་འདྲིལ་བར་འཕར།

  ཆུ་དམར་ལ་ཝུ་བ་སངས་་རྐྱེན་པ །

  བད་ཀན་སྐྱ་སེར་མཐུག་པོས་གཡོགས་པ།

གཞོགས་འདེགས་བརྟག་དཔྱད།

   མཆིན་པའི་ནུས་པ་ལས་ALTདང་ASTསོགས་ཇེ་མཐོར་ཡིན་པ། Bསྒྲ་བརྒལ་ལས་མཆིན་པའི་ཆེ་ཆུང་དང་། དབྱིབས། མཆེར་བ་ཆེར་སྐྲངས་ཡོད་མེད་སོགས་ལ་བརྟག་ནས་ངོས་འཛིན་བྱེད་དགོས། ཁྲག་པྲ་ལས་ཆ་ཤས་ཁྲག་དཀག་གདོད་རྩབས་སྐུལ་བྱེད་དུས་ཚོད་ཇེ་རིང་ཡིན་པ། ཁྲག་ལབ་ཆུང་བ་རྒྱུན་ཚད་ལས་དམའ་བ། ཁྲག་པྲ་ལས་ཁྲག་ཨམ་ཇེ་མཐོ་ཡིན་པ། CTདང་MRIཡིས་བརྟག་དཔྱད་བྱས་ཚེ་ཀླད་སྙིང་རྙིད་འཁུམ་ཀྱི་སྣང་ཚུལ་ཡོད་པ།

འཁྲུལ་སོ་བསལ་བ།

   མཁལ་འགྲམས་དང་འཁྲུལ་སོ་བསལ་བ། ནད་འདིར་བྱེར་རྒྱས་ལྷུང་གསུམ་གྱི་ནད་རྟགས་མངོན་རྒྱུ་ཡོད། སྟོད་དུ་བྱེར་ན་ལྟག་པའི་ཆུ་བ་གཡས་གཡོན་ན་བ་དང་། སྐེ་གཅུས་སྒྱུར་མི་ཤེས་པ། མགོ་སྒུར་ནས་འགྲོ་བ། བར་དུ་རྒྱས་ན་མཁལ་རྐེད་འཁོར་ནས་ན་བ་དང་། དཔྱི་མིག་གི་ཚིགས་གཞི་དང་རྩ་རྒྱུས་སྐྲངས་ཤིང་གཟེར་ཟུག་གཏོང་ཆེ་བ། ལྷག་པར་དུ་གློ་དང་ཧབ་སྦྲིད་བརྒྱབ་ན་བཟོད་ཐབས་མེད་པའི་ན་ཟུག་ཆེ་བ་དང་། ཚིགས་པ་བཅུ་བཞི་པ་སོགས་ཚིགས་ཁ་བྲལ་ཏེ་རྐེད་པ་ཀྱོག་ཀྱོག་བྱས་ནས་འགྲོ་དགོས་པ། སྨད་དུ་ལྷུང་ན་རྐང་པ་དྲུད་ནས་འགྲོ་བ་དང་སྦྲིད་ཤར་རྒྱག་པ། བརླ་སུལ་དང་། བྱིན་པའི་ཉྭ་སུལ། པུས་མོའི་ཚིགས་སོགས་ན་བ་བཅས་ལས་འཁྲུལ་སོ་བསལ་དགོས།

གོང་ངོས། མཆིན་རྒུད།
X