//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དོན་སྣོད་གྱི་སྐོར། > ནང་དོན།

མཆིན་འབྲས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 15:12:18 ཀློག་གྲངས། 21 

   མཆིན་འབྲས་ནི་འགྲམས་འཁྲུགས་དང་ཁ་ཟས་མ་སྨིན་པ་ལས་མཆིན་པར་ངན་ཁྲག་རྒྱས་པ་རླུང་གིས་སྒྲིལ་ནས་མཆིན་ཁམས་ཀྱི་ནུས་པ་ཡོངས་སུ་ཤོར་བའི་ནད་ཅིག།

རྒྱུ་རྐྱེན།

  ཁ་ཟས་སུ་ཚྭ་སྐྱུར་དང་རློན་པའི་རིགས་བསྟེན་དྲགས་པ། མ་ཞུ་བ་བྱུང་བ། ནད་འགོག་ནུས་ཤུགས་ཉམས་པ། མཆིན་པ་ལ་ཡུན་རིང་དུ་ཚ་རྒྱས་པ་སོགས་ལས་འབྱུང་།

ནད་རྟགས།

  ཐོག་མ་མཆིན་པའི་གནས་སུ་ན་ཟུག་འབྱུང་བ་དང་། ཟས་ཀྱི་དང་ག་འགགས་པ། སྒྱིད་ལུག་པ། རིམ་བཞིན་ཤ་སྐེམ་པར་འགྲོ་བ་དང་། ཟུངས་ཁྲག་ཟད་པ། མཆིན་པ་ཆེར་རྒྱས་པ། ལག་པས་སྦར་ཉུལ་བྱེད་སྐབས་རྡོག་རྡོག་མཁྲེགས་པོ་ཡོད་པ། ཚ་བ་རྒྱག་པ། ཆུ་བསོགས་པ། གདོང་མདངས་ཉམས་པ།

  རྩའི་རྒྱུ་བ་ཕྲ་ལ་མགྱོགས་པ།

  དྲི་ཆུའི་མདོག་དམར་ལ་སྨུག་པ།

  ལྕེ་དྲེག་སྐྱ་སེར་དང་ཡང་ན་སེར་པོ་ཆགས་པ།

གཞོགས་འདེགས་བརྟག་དཔྱད།

   ཀ་སྦྲུམ་སྤྲི་དཀར་AFPསྲིབས་གཤིས་རང་བཞིན་ལྡན་པ། Bའཕྲོ་ལ་བརྟག་ན་2mm3mmལི་སྨིས་ཀྱི་མཆིན་འབྲས་ངོས་འཛིན་བྱེད་ཐུབ་པ། CTདང་MRIལས་མཆིན་པའི་འབྲས་ནད་ཀྱི་ཆེ་ཆུང་དང་གནས་སྤོར་ནད་རོ་ཡོད་མེད་སོགས་གསལ་བོར་བརྟག་ཐུབ། མཆིན་པའི་ནུས་པ་དང་ཁྲག་ལས་ལྕགས་རིགས་སྤྲི་དཀར་གྱི་ཚད་ལ་བརྟག་པ། ཁྲག་པྲ་ལས་ཆ་ཤས་ཁྲག་དཀག་གདོད་རྩབས་སྐུལ་བྱེད་དུས་ཚོད་ཇེ་རིང་ཡིན་པ། ཁྲག་ལབ་ཆུང་བ་རྒྱུན་ཚད་ལས་དམའ་བ། ཁྲག་པྲ་ལས་སྦྲི་དཀར་ཁྱོན་བསྡོམས་25gལས་ཆུང་བ་དང་CEA Ca199སོགས་སྲིབས་གཤིས་རང་བཞིན་ལྡན་པ།

འཁྲུལ་སོ་བསལ་བ།

  མཆིན་པའི་སྲིན་སྐྲན་དང་འཁྲུལ་སོ་བསལ་བ། མཆིན་པའི་སྲིན་སྐྲན་ལའང་མཆིན་སྟེང་དུ་གནོན་གཟེར་ཡོད་ཀྱང་ཐུམ་སྐྲན་རིམས་ཐར་ཚོད་ལྟ་བྱས་ན་གདགས་གཤིས་སུ་མངོན་པ་དང་AFPདང་འབྲས་སྐྲན་གྱི་འབྲེལ་ཡོད་བརྟག་དཔྱད་གདགས་གཤིས་སུ་མངོན།

   མཆིན་པའི་ཁྲག་སྐྲན་དང་འཁྲུལ་སོ་བསལ་བ། མཆིན་པའི་ཁྲག་སྐྲན་ནི་འཕེལ་བ་སྐྱེན་ལ་གཡས་ལས་རིམ་པར་ཆགས་ཤིང་མིག་སེར་ལ་ཆུ་མདོག་དམར་བ་དང་གྲང་བའམ་དྲོས་ཚེ་རོ་རྒྱབ་དང་མཆིན་དྲི་སྦྲགས་ནས་ན་བ། ཤ་མདངས་སྔོ་ཞིང་སྐེམ་ལ་སིངས་གླེག་ལྟ་བུ་ནལ་ནལ་བོ་སྐྱུགས་པ། སྐྲན་དེ་རྒྱས་ནས་མཁྲིས་ཡུལ་ཕྲོགས་ན་མིག་དང་ཆུ་མདོག་སེར་བོར་འགྲོ་བ་ལས་འཁྲུལ་སོ་སེལ་ནུས།།

X