//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དོན་སྣོད་གྱི་སྐོར། > ནང་དོན།

མཁལ་འགྲམས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 15:37:54 ཀློག་གྲངས། 54 

   མཁལ་འགྲམས་ཟེར་བ་ནི་མཁལ་རྐེད་དཔྱི་རུས་ཀྱི་མཚམས་རྒྱུད་དུ་བརྡབ་རྨས་བྱུང་བ་སོགས་ཀྱིས་ཆུ་རྩ་འགྲམས་པས་བརླའི་ཕྱི་སུལ་ནས་རྐང་མཐིལ་བར་གཟེར་ཟུག་གཏོང་བ་དང་ཚ་འཁྱུག་རྒྱག་པའི་ནད་ཅིག་རེད།

རྒྱུ་རྐྱེན།

  རྟ་སོགས་ཀྱི་སྟེང་ནས་ལྷུངས་ཏེ་བརྡབས་པ་དང་། མི་ཐེག་པའི་རིགས་ཁུར་བ་དང་འདེགས་པ། རླན་སར་བསྡད་དྲགས་པའམ་ཟས་སྤྱོད་ལོག་པ།

ནད་རྟགས།

  མཁལ་རྐེད་འཁོར་ནས་ན་ལ་དགྱེ་སྒུར་དཀའ་བ།

  དེར་བྱེར་རྒྱས་ལྷུང་གསུམ་ཡོད་པར་སྟོད་དུ་བྱེར་ན་ལྟག་པའི་ཆུ་བའི་འགྲམ་གཉིས་ན་ཞིང་སྐེ་གཅུ་སྒྱུར་མི་ཤེས་པར་སྒུར་པོར་འགྲོ་བ། བར་དུ་རྒྱས་ན་མཁལ་རྐེད་འཁོར་ནས་ན་བ། དཔྱི་མགོའི་འབྲེལ་མཚམས་དང་། ཚིགས་པ་བཅུ་བཞི་བའི་གཡས་གཡོན་ཚོན་རེ་ཕུན་རེའི་ས་ན་ཡོད་པའི་རྩ་ནག་གི་གནས་གཉིས་སུ་སྦོ་བ་ལྟར་ན་བའམ་གཟེར་བ། ཁྱད་པར་དུ་གློ་དང་སྦྲིད་པ་བྱུང་ཚེ་བཟོད་ཐབས་མེད་པའི་ན་ཟུག་ལངས་པ། ཚིགས་པ་ཁ་བྱེ་སྟེ་རྐེད་པ་ཀྱོག་པོར་འགྲོ་བ། སྨད་དུ་ལྷུང་ན་རྐང་པ་བཤལ་ཞིང་སྦྲིད་ལ་བརླ་ཤའི་སུལ་དང་བྱིན་པའི་ཉྭ་སུལ། པུས་མོའི་ཚིགས་མཚམས་སོགས་ན་བའོ།

  རྩ་རྒྱུད། ཕྲ་ལ་ཤུགས་ཞན་པར་འཕར།

  དྲི་ཆུའི་མདོག་དམར་སེར་ལ་ཀུ་ཡ་བྱེ་མ་འདྲ་བ། ཝུ་བ་ཆེ་ལ་སངས་པ་སྐྱེན།

  ལྕེ། མདོག་སྐྱ་ལ་སྟེང་དུ་དྲེག་པ་སེར་པོ་ཆགས།

གཞོགས་འདེགས་བརྟག་དཔྱད།

    Xགློག་འོད་ལས་མང་ཤས་ལ་མཇིང་ཚིགས་དང་། སྒལ་ཚིགས། དཔྱི་རྐེད་ཀྱི་ཚིགས་སུ་རུས་འཛེར་སྐྱེས་ཡོད་པ་མཐོང་ཐུབ་པ་དང་། དེ་མིན་ཁྲག་པྲ་ལས་WBCW-LCRBUNདང་གཅིན་པྲ་ལསPROERYརྣམས་རྒྱུན་ལྡན་མིན་པ་འང་བརྟག་ཐུབ།

འཁྲུལ་སོ་བསལ་བ།

  མཁལ་གཅོང་ནི་གྲང་བ་རྒྱས་བ་སྟེ་རྐང་བ་བཤལ་ལ་དཔྱི་དང་རྐེད་པ་ཟུག་ནས་ན་བ། གཅིན་པ་འབབ་ཉུང་བ། ས་བོན་འཛག་པ། སྒལ་ཚིགས་འདབ་ཀྱི་བཤུལ་ཤ་ཁྲིད་ནས་ན་བ། གཅིན་པ་འབབ་ཉུང་བ། ས་བོན་འཛག་པ། སྒལ་ཚིགས་འདབ་ཀྱི་བཤུལ་ཤ་ཁྲིད་ནས་བ། མཁལ་གྲུམ་ནི་ལུས་སྨད་ཀྱི་གནས་ཐམས་ཅད་ན་བ་དང་། ལྷག་པར་གློ་དང་སྦྲིད་པ་བྱུང་ཚེ་དཔྱི་མིག་ལ་གཟེར་ཟུག་འབྱུང་བ། ནམ་སྟོད་ན་ཞིང་ནམ་སྨད་ཅུང་བདེ་བར་ཚོར་བ། ཆང་འཐུང་བ་དང་དྲོད་བཅུད་ཆེ་བའི་ཟས་ཟོས་རྗེས་ཚ་བ་སྐྱེ་བས་འཁྲུལ་སོ་བསལ་ནུས།

གོང་ངོས། མཆིན་འབྲས།
X