//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཐོར་བུའི་ནད་ཀྱི་སྐོར། > ནང་དོན།

གྲང་གླང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 11:43:16 ཀློག་གྲངས། 18 

གསོ་ཐབས།

  གསོ་ཚུལ།

   དུགས་ཐང་ཕྱེ་མ་བསྲེགས་པདང་། མ་ཞུ་སྐྱུག་ལ་དྲོད་སྨན་སྦྱར་བས་བཅོས།

  བཅོས་ཐབས།

  ཟས། ཟས་ཀྱི་ངོ་བོ་དྲོ་ལ་འཇམ་པ་འཇུ་སླ་བའི་རིགས་བསྟེན་ལ་ཆུ་སྐོལ་མང་ཏུ་འཐུང་།

  སྤྱོད་ལམ། རྩོལ་བའི་མི་རྔུལ་ཙམ་བཅག་པ་དང་། མེ་ཉིས་གོས་དྲོན་བསྟེན་ཏེ་ལུས་ཁམས་དྲོད་བཅོས་བྱ་དགོས།

  སྨན། ཚ་བ་གསུམ་གྱི་ཐང་། ཤིང་ཀུན་བཞི་བའི་ཕྱེ་མ་གཏོང་བ་དང་། ཁོང་སྨན་དུ་བཅོ་ལྔ་དྲག་སྦྱོར། གཡུ་དྲིལ་བཅུ་གསུམ། ཞི་བྱེད་དྲུག་པ། ཞི་གསེར། དོང་གྲ་བསྣན་པའི་སེ་འབྲུ་ལྔ་བ་སོགས་གསོ་བྱའི་ལུས་ཟུངས་དང་བསྟུན་ནས་བསྟེན་དགོས།

  དཔྱད། གྲང་གླང་ལ་ཚྭ་བསྲོས་བའི་དུགས་བྱ། ཕོ་གསང་དབུས་མར་བསྲེག་པ་དང་སྤྱང་ཚེར་བཞི་བའི་སྐྱུགས་ཀྱིས་བཅོས་ལ། ཕོ་བ་དང་རྒྱུ་མའི་གསང་ངམ་མེ་ཉམས་གསང་ཁ་གསུམ་ལ་མེ་བཙའ་གདབ་པ་སོགས་རྒྱུད་ལུང་མན་ངག་སྤྱི་དང་། ཁྱད་པར་རང་གི་མཐོང་རྒྱུད་ཕྱག་ལེན་ལྟར་བཅོ་བར་བྱ།

ཕན་འབྲས་ཚད་གཞི།

  སངས་དྲག

   གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།

  སྐྱེད་ཆེ་བ།

   ནད་འདི་ཕོ་བར་སྦོས་ལབརྒྱངས་དང་ལྡང་དུབ་མེད་པར་ཐེར་ཟུག་གི་གནས་གཅིག་ཏུ་ན་བ་དང་། ཟས་མ་ཞུ་བའམ་བད་ཀན་སྐྱུག་ཅིང་གྲང་རྔུལ་བྱེད་པ། ཁོག་པ་སྦོས་བརྒྱངས་བྱེད་པ། རུལ་དྲི་ཅན་གྱི་འགག་སྒྲེགས་རྒྱག་པ། ཟས་འཇུ་དཀའ་ཞིང་མི་འཕྲོད་པའི་ཟས་སྐོམ་རིགས་བསྟེན་ཚེ་ལྷག་ཏུ་གནོད་པ་སོགས་ཀྱི་ན་ལུགས་ཕལ་ཆེར་ཞི་བ།

  སྐྱེད་ཆུང་བ།

   ན་ལུགས་གཙོ་བོ་ཏེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།

  སྐྱེད་མེད་པ།

   ཕན་བསྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།

གོང་ངོས། ཚ་གླང་།
X