//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཐོར་བུའི་ནད་ཀྱི་སྐོར། > ནང་དོན།

གཅིན་འགགས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 11:46:04 ཀློག་གྲངས། 16 

   གཅིན་འགགས་ནི་ངོ་བོ་ལྒང་པའི་ཐུར་ཏུ་གཏད་པའི་གཡས་གཡོན་གྱི་ལྡེབས་ངོས་གཉིས་ལས་ཆུ་རྒྱུ་ཞིང་ལྒང་པར་གསོག་པར་བྱེད་པའི་རྩ་གཉིས་མཁལ་མ་དང་འབྲེལ་ཏེ་གནས་པ་ལ་ཟས་སྤྱོད་གདོན་རྐྱེན་གྱིས་འདུ་བ་འཁྲུགས་པ་ལྒང་པའི་རྩར་ཞུགས་ཏེ་གཙོ་བོ་གཅིན་པ་རྒྱུན་ལྡན་ལྟར་མི་འབབ་པར་འགགས་པའི་ནད་ཅིག་གོ

རྒྱུ་རྐྱེན།

  ཐུར་སེལ་གྱི་རླུང་འཁྲུགས་པ་དང་། ལུས་ཁམས་འཁྱགས་པ། ཆུར་ཞུགས་པ། གཞའ་རླན་ཡོད་སར་བསྡད་དྲགས་པ། ཟས་སྤྱོད་མི་འཚམ་པ་སོགས་ཀྱིས་བསླངས་པ་རེད།

ནད་རྟགས།

  གཅིན་པ་གཏོང་འདོད་ཆེ་ཡང་ལྒང་བའི་ནང་ཁེངས་ནས་དུས་ཐོག་ཏུ་གཏོང་མི་ཐུབ་པ། ལྒང་བར་གནོན་བཙིར་ཡོད་པ། ཆུ་ཁར་ཚ་ཤར་རྒྱག་པ།

  སུན་སྣང་ཆེ་ཞིང་བློ་མི་བདེ་བ། འཁུན་སྒྲ་འབྱིན་པ། རྒྱུ་ཞབས་སྦོས་སྙམ་དང་གཅིན་ལམ་ལ་ན་ཟུག་གཏོང་བའམ་ཡང་ན་གཅིན་པ་ཉུང་ཉུང་ལས་མི་འབབ་པ། གཏོང་དུས་ཀྱང་འབབ་དཀའ་བ།

   རྩ་རྒྱུད་བྱིང་ལ་གུད་པ་དང་ཡང་ན་མཁྲང་བར་འཕར།

  དྲི་ཆུའི་མདོག་དཀར་སེར་རམ་ཡང་ན་དམར་མདོག་འདྲེས།

  ལྕེ་མདོག་དམར་སྨུག་ཅན་ལ་དྲེག་པ་སྐྱ་བོ་ཆགས།

གཞོགས་འདེགས་བརྟག་དཔྱད།

    Bསྒྲ་བརྒལ་ལས་མདུན་ཆགས་གཤེར་རྨེན་ཆེར་རྒྱས་ཡོད་མེད་དང་། གཅིན་ལམ་དང་ལྒང་བའི་ནང་དུ་རྡེའུ་སྐྲན་ཡོད་མེད་སོགས་ལ་བརྟག་ཐུབ། གཅིན་པྲ་ལསLEU++ESY++སོགས་ལྡན་པ་ཡིན།

འཁྲུལ་སོ་བསལ་བ།

  དྲི་ཆུ་སྲི་ཚགས་བྱེད་པ་ལྟར་ཉུང་ངུ་ལས་བབས་མི་ཐུབ་པ་དེས་རྐྱེན་གྱིས་ལྒང་བ་དང་ཕོ་མཚན་ན་བ་ནི་གཅིན་སྲིའི་ནད་དང་། དྲི་ཆུ་དུས་ཐོག་ཏུ་ཕྱིར་བབས་མ་ཐུབ་པར་ལྒང་བ་ཆེར་ཁེངས་ཏེ་རྒྱུ་ཞབས་སུ་ལྒང་ཞིང་གཅུས་ནས་གཟེར་བ་ནི་གཅིན་འགགས་ནད་ཡིན།

གོང་ངོས། གཅིན་སྲི།
X