//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཐོར་བུའི་ནད་ཀྱི་སྐོར། > ནང་དོན།

སྐྱིགས་བུའི་ནད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 11:46:31 ཀློག་གྲངས། 23 

   སྐྱིགས་བུ་ཞེས་པ་གྲེ་བའི་ལམ་ནས་ཨིག་ཅེས་པའི་སྒྲ་ཐོན་པའི་ནད་ཅིག་ལ་ཟེར་ཞིང་། གཙོ་བོ་གྱེན་རྒྱུའི་རླུང་འཁྲུགས་པ་ལས་བྱུང་བ། སྐྱིགས་བུ་མ་ཆད་པར་བསྟུད་ནས་འབྱུང་བ་ཞིག་ཡིན་ལ། ཡན་ལག་བརྒྱད་པ་ལས། རྩའི་རྒྱུན་སྲང་རྣམས་སུ་རླུང་འཁྲུགས་པས་གྱེན་རྒྱུའི་རླུང་གི་བུ་ག་འགགས་པ་ལས་སྐྱིགས་བུའི་ནད་འབྱུང་ངོ་ཞེས་གསུངས་སོ།

རྒྱུ་རྐྱེན།

  ལྟོ་ཆས་གྲང་མོ་དང་སྐམ་པོའི་རིགས་ཟོས་པ་དང་། ལུས་ཁམས་འཁྱགས་པ། ལུད་པ་བཀག་པ་སོགས་ཟས་སྤྱོད་དམན་ལྷག་ལོག་པ་དང་གདོན་སོགས་ཀྱིས་རླུང་འཁྲུགས་པས་གྱེན་རྒྱུའི་བུ་ག་འགགས་ཏེ་སྐྱིགས་བུའི་ནད་བྱུང་།

ནད་རྟགས།

  སྤྱིར་ན་ཨིག་སྒྲ་ཐེངས་ཁ་ཤས་འབྱིན་པ་ནས་ཆད་འགྲོ་བ་དང་། ཡང་ན་བར་མཚམས་བཞག་ནས་བསྐྱར་དུ་བསྟུད་མར་ཐེངས་ཁ་ཤས་བརྒྱབ་པ་ནི་སྤྱིར་བཏང་གི་སྐྱིགས་བུའི་ནད་ཅིག་ཡིན།

  ཚབས་ཆེ་བར་ཨིག་སྒྲ་རྒྱུན་མ་ཆད་པར་ཉིན་མཚན་ཁ་ཤས་འབྲེལ་ནས་འབྱིན་པ་དང་སྦྲགས། ལྟེ་བའི་གཡས་གཡོན་དུ་ན་ཟུག་དྲག་པོ་གཏོང་བ་ནི་སྲོག་ལ་ཉེན་ཁ་འབྱུང་བའོ།

གཞོགས་འདེགས་བརྟག་དཔྱད།

  འབྲེལ་ཡོད་གཞོགས་བརྟག་ལས་སྙིང་པར་བརྟག་པ་དང་། Xགློག་འོད་སོགས་ལས་བླ་གཉན་གྱི་བསྡོངས་ཟླ་ཡོད་མེད་ལ་བརྟག་དགོས། ཡན་ལག་བརྒྱད་པ་ལས། བསྟུད་མར་སྐྱིགས་བུ་གཉིས་ཙམ་འབྱུང་ཞིང་མཚམས་ཚིགས་རིང་བའོ་ཞེས་གསུངས་བ་དང་། བེེ་སྔོན་ལས། ཆད་དུ་མི་འདོད་པས་བསྟུད་ནས་འོང་ཞིང་ཚིག་མི་ཐོན་པར་དྲག་ཏུ་འབྱུང་བ་ནི་སྐྱིགས་བུ་ཆེན་པོའི་མི་ནོར་བའི་གཟེར་རོ།

འཁྲུལ་སོ་བསལ་བ།

  ཨིག་སྒྲ་ཐེངས་ཁ་ཤས་འབྱིན་པ་ནས་ཆད་འགྲོ་བ་དང་། ཡང་ན་བར་མཚམས་བཞག་ནས་བསྐྱར་དུ་བསྟུད་མར་ཐེངས་ཁ་ཤས་བརྒྱབ་པ་ནི་སྤྱིར་བཏང་གི་སྐྱིགས་བུའི་ནད་དང་ཆད་དུ་མི་འདོད་པས་བསྟུད་ནས་འོང་ཞིང་ཚིག་མི་ཐོན་པར་དྲགས་ཏུ་འབྱུང་བ་ནི་སྐྱིགས་བུ་ཆེན་པོ།

གོང་ངོས། གཅིན་འགགས།
X