//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཐོར་བུའི་ནད་ཀྱི་སྐོར། > ནང་དོན།

ཤ་ཏྲེམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 11:52:15 ཀློག་གྲངས། 11 

  ཤ་ཏྲེམ་ནི་དྭངས་མ་གནས་སུ་མ་སྨིན་པར་ཆུ་སེར་རྒྱས་ནས་བད་མཁྲིས་ཤས་ཆེར་བསླངས་ཏེ་གཙོ་བོ་ཤ་པགས་ལ་རྒྱས་པའི་ནད་ཅིག་རེད།

རྒྱུ་རྐྱེན།

  རླན་ཆེ་བའི་ཡུལ་དུ་བསྡད་དྲགས་པ་དང་། སྣུམ་བཅུད་ཆེ་བའི་ཟས་ཟོས་དྲགས་པ། ལུས་འཁྱགས་པ། ཚ་ལྕི་རྣོ་བའི་ཟས་སྤྱོད་ཀྱིས་བསྐྱེད།

ནད་རྟགས།

  ཤ་སྦོ་ཞིང་མདོག་ནག་པ། ཡན་ལག་སྦྲིད་པ་དང་། གློ་སྙིང་མི་བདེ་བ། སྣ་ཁྲག་མང་དུ་འཛག་པ། ཤ་རུས་འབྱེད་སྙམ་དུ་བེམ་པོར་བྱེད་པ།

  རྩ་རྒྱུད་བྱིང་ལྷོད་གུད་བུལ་དུ་འཕར་བ།

  ཆུ་མདོག་དཀར་སེར། རླངས་པ་ཆུང་བ། ཀུ་ཡ་ཉུང་།

  ལྕེ་མདོག་སྐྱ་ལ་དྲེག་པ་དཀར་བ།

གཞོགས་འདེགས་བརྟག་དཔྱད།

  ཁྲག་པྲ་ལས་ཁྲག་དམའ་བ་དང་། ནད་གཞི་ཚབས་ཆེ་སྐབས་ཁྲག་ལེབ་ཆུང་བ་ཇེ་མཐོ་ཡིན་པ། ཁྲག་པྲ་ལས་རླུང་རླན་གྱི་རྐྱེན་ཆRFཉིད་གདགས་གཤིས་མངོན་པ། ལྷུ་ཚིགས་གཡས་གཡོན་གྱི་ཤ་གྲུམ་རྙིད་འཁུམ་དུ་གྱུར་པ་དང་། རྩ་འཁུམ་པ་སོགས་ཇེ་ལྕི་ཡིན་པ།

འཁྲུལ་སོ་བསལ་བ།

  ན་བའི་ཡུལ་ཤ་ལ་གཙོ་བོར་བབས་པ་ཤ་ཏྲེམ་དུ་མཐོང་བ་ལས་གཞན་རྩ་དཀར་དང་དྲེག་ནད་ལ་འཁྲུལ་ཉེན་ཆེ། རྩ་དཀར་ནད་ནི་ཁ་མིག་ཡོ་བ་དང་རྐང་ལག་སྦྲིད་ཅིང་ཚོར་བ་ཉམས་པ། ཡན་ལག་བརྐྱང་བསྐུམ་ཉམས་པའམ་ཞ་བ་བཅས་རྩ་དཀར་ལ་ནད་འགྱུར་དང་། དྲེག་ནི་ཐོག་མར་རྐང་བའི་མཐེ་བོང་ལ་གནས་ཤིང་རིམ་གྱིས་ལག་པའི་གྲུ་ཚིགས་སོགས་ཀྱི་ཆུ་རྒྱུས་ལ་མཆེད་ཅིང་སྐྱིད་པོར་སྡོད་ཆེ་བས་སླང་སྟབས་མི་ནོར།

གོང་ངོས། ཆུ་ཏྲེམ།
X