//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཐོར་བུའི་ནད་ཀྱི་སྐོར། > ནང་དོན།

ཟ་རྐོང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 16:15:33 ཀློག་གྲངས། 46 

  ཟ་རྐོང་ངམ་རྔོ་ནི་ཕྱིའི་རྟགས་ལ་བལྟས་ནས་བཏགས་པའི་ནད་ཀྱི་མིང་སྟེ། ལུས་སྟེང་ལ་ཟ་འཕྲུག་ལངས་ནས་སྐྱི་སྐོགས་དཀར་པོ་གོན་པ་དང་། སྐྲ་དང་བ་སྤུ་བུད་པ། འགོས་ཁྱབ་ཆེ་བ་བཅས་མངོན་པས་པགས་ནད་རིགས་ཤིག་རེད།

རྒྱུ་རྐྱེན།

  ཟས་སྤྱོད་མ་འཚམས་པས་གཉན་འབྲུམ་སྐྱི་པགས་སུ་ཕོག་ནས་ཆུ་སེར་འཕེལ་ཏེ་པགས་པ་བསྲུལ་བས་བསླངས་པ་རེད།

ནད་རྟགས།

  མགོ་དང་བྱང་ཁོག ཡན་ལག་སོགས་གནས་ངེས་མེད་དུ་ཐོག་མར་སྐྱི་སྐོགས་དཀར་སེར་ཅན་ལངས་ནས་བཟོད་གླགས་མེད་པའི་ཟ་འཕྲུག་ལངས་པ་དང་། སྦར་འབྲད་བཏང་རྗེས་ཁྲག་དང་ཆུ་སེར་དོན་པ།

  དེ་ཡང་ལིང་ལིང་དུ་མཆེད་ནས་མཐར་སྐྲ་དང་བ་སྤུ་བུད་འགྲོ་བ། པགས་ཤུན་ལྷུང་བ། སེར་ག་གས་པ། དབྱར་དུས་ཆུ་བུར་ཅན་གྱི་འབྲུམ་བུ་འབྱུང་བ་དང་སྐྱི་པགས་དཀར་པོ་བུད་པ། འགོས་ཁྱབ་ཆེ་བ་སོགས་ཀྱི་མངོན་ཚུལ་ཡོད།

  རྩ་འཁྱིག་ཅིང་ཞེང་དུ་ལེབ་མོར་འཕར།

  ཆུ་དམར་སེར་སྨུག་ལ་ཀུ་ཡ་སྙོམས་ཁྱབ།

  ལྕེ་དམར་ཞིང་རྩུབ་པ།

གཞོགས་འདེགས་བརྟག་དཔྱད།

  ཁྲག་པྲར་བརྟག་པ། དྲི་ཆུའི་རྫས་འགྱུར་ལ་བརྟག་པ། མཆིན་ནུས་དང་མཁལ་ནུས་སོགས་ལ་བརྟག་པ།

འཁྲུལ་སོ་བསལ་བ།

  གླང་ཤུ་དང་གཡན་པ། ཟ་རྐོང་སོགས་ཟ་འཕྲུག་ཅན་གྱི་པགས་ནད་ཡིན་པ་འདྲ་ཡང་། གླང་ཤུ་ནི་སྐྱི་སྐོགས་དཀར་ཡང་རྨ་པགས་པ་ལས་མཐུག་ལ་མཁྲེགས་པ་དང་། གཡན་པ་ནི་སྐྱི་སྐོགས་དཀར་པོ་ལངས་ཀྱང་རྨ་དང་པགས་པ་སྙོམས་པ། ཟ་རྐོང་ནི་རྨ་པགས་པ་ལས་དམའ་བའམ་རྐོང་བུ་ཆགས་པ་བཅས་ལས་མི་ནོར།

གོང་ངོས། གླང་ཤུ
X